ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་གཞིའི་ནང་འགོད་པ་དང་སློབ་ཚན་ནང་བཅུག་པ་ཀླད་པའི་ནང་འཛུལ་བ་བཅས་ལ་སྔར་བས་སྐུལ་འདེད་གཏོང་བ། དེ་བས་ལེགས་པའི་སྒོ་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་དང་། དམག་འཐབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱི་ཆེད། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི༼ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་རགས་བཤད༽ཅེས་པ་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད།
༼རགས་བཤད༽ནི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཁྱོན་ཡོངས་དང་ཆ་ལག་ཚང་བའི་ངང་འཆད་འགྲེལ་བྱེད་པའི་གཅིག་གྱུར་རྩོམ་སྒྲིག་བྱས་པའི་སློབ་གཞི་ཞིག་ཡིན་པ་དང་། དམག་དཔུང་སློབ་གྲྭའི་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ནང་བེད་སྤྱོད་པའི་དབང་གྲགས་ལྡན་པའི་སློབ་དེབ་ཅིག་ཡིན་ལ། དུས་རབས་གསར་པའི་ཏང་གི་དམག་དོན་མཛུབ་ཁྲིད་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཅན་དང་རིག་ལམ་ཅན་གྱི་ཞིབ་འཇུག་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན།༼རགས་བཤད༽རྩོམ་སྒྲིག་དཔེ་སྐྲུན་དང་བེད་སྤྱོད་བྱས་པ་དེ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་བེད་སྤྱོད་དེ་བས་ལེགས་པོ་བྱས་ནས་བླ་སྲོག་གཏོད་པ་དང་མི་སྣ་གསོ་སྐྱོང་བྱེད་པ་དང་། གཞོན་ནུ་དཔོན་དམག་ཚོས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུར་ཁྲིད་སྟོན་བྱེད་པ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། འབད་པས་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་པ། དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པར་འགྱུར་རྒྱུར་འབད་བརྩོན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
༼རགས་བཤད༽དེ་ནི་གླེང་གཞི་དང་། ནང་དོན་གཙོ་བོ་ས་བཅད་དོན་ཚན ༡༥ དེ་བཞིན་མཇུག་བསྡུའི་གཏམ་བཅས་ལས་གྲུབ་ཡོད་པ་དང་། ཏང་གི་དམག་དོན་མཛུབ་ཁྲིད་རིགས་པའི་གཞུང་ལུགས་གསར་གཏོད་གོང་འཕེལ་གྱི་གྲུབ་འབྲས་གསར་ཤོས་དང་། ལྷག་དོན་དུ་མར་ཁེ་སི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་གོང་འཕེལ་གཏོང་བའི་ཐད་ཕུལ་བའི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཁྱོན་ཡོངས་ནས་མངོན་ཡོད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་ལ་ཁྲིད་སྟོན་བྱས་པ་ལས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། དེ་ལས་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་པར་བྱས་ཡོད།༼རགས་བཤད༽དེ་མ་རྩོམ་དང་མ་ཡིག་དེ་བཞིན་ནང་དོན་དངོས་བཅས་ལ་གཞིགས་པ་དང་། སློབ་ཁྲིད་ཕྱོགས་སྟོན་དང་ལག་ལེན་མཛུབ་ཁྲིད་འབུར་དུ་ཐོན་པར་བྱེད་པ། འཚོ་བའི་གནས་ལུགས་དང་རྩ་བའི་རིགས་པ། འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་བཅས་ལ་འཆད་འགྲེལ་གཏིང་ཟབ་བྱ་རྒྱུར་མཐོང་ཆེན་བྱས་པ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་དང་། མི་དམངས་དམག་དཔུང་དེ་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་བཀོད་སྒྲིག་དང་བླང་བྱ་གསལ་པོ་བརྗོད་པ་བཅས་བྱས་ཡོད་པས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དེ་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་ལ་རྒྱལ་ཁ་ལེན་པའི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་རྒྱུར་ཕན་ཐོགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཐང་ཀའི་རྒྱལ་པོ་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་ནན་བཤད་གནང་དོན། ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་མཇལ་འཛོམས་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།