ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་༼ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན་༽ཞེས་པ་རྩོམ་སྒྲིག་བྱས་པ་དང་། དེབ་དེ་མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་ཟིན་པ་མ་ཟད། ཉིན་དེ་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
༼ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན་༽དེ་ཉིད་དུས་རབས་གསར་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་ལག་ལེན་དངོས་དང་གོང་འཕེལ་གྱི་གོམ་སྟབས་དང་དམ་པོར་བསྟུན་ཞིང་། རིགས་པའི་གཞུང་ལུགས་ཀྱི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་ནས། སྤྱི་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་ལ་ལན་འདེབས་པ་དང་། དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དོན་སྙིང་གལ་ཆེན་དང་ཚན་རིག་དང་མཐུན་པའི་མ་ལག ལྟེ་བའི་དོན་གནད། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་ཕྱོགས་ཡོངས་དང་མ་ལག་ལྡན་ཞིང་གོ་བདེ་དོན་ཟབ་ངང་མངོན་པར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྔར་བས་གཏིང་ཟབ་ངང་སློབ་སྦྱོང་དང་གོ་བ་ལེན་རྒྱུར་རོགས་རམ་དང་། སྔར་ལས་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྤྱོད་རྒྱུ་ཡིན་པ་རེད།༼ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན་༽དེ་ཚན་པ ༡༤ ལ་དབྱེ་ཡོད་པ་དང་། དྲི་བ ༥༠ ཡོད་ཅིང་། ནང་དོན་ཕུན་སུམ་ཚོགས་པ་དང་། ཇུས་འགོད་དཔེ་གསར། ཡི་གེ་དང་པར་རིས་གཉིས་ལྡན། གོ་བདེ་ཞིང་ཤེས་སླ་བ་བཅས་ཡོད་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་རམ་འདེགས་ཀློག་དེབ་གལ་ཆེན་ཞིག་ཡིན། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི་དབུལ་སྒྲོལ་མཛད་རྗེས་སྐོར་གྱི་དེབ་ཅིག་བཏོན་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་སོགས་ནས་འགན་སྒྲུབ་སྙན་ཞུ་ཕུལ་བ། ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཚི་དང་མཇལ་འཛོམས་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རང་ལྗོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོར་ཞིབ་འཇུག་བཀོད་སྒྲིག་གནང་བ།