གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་མུ་མཐུད་རྟོག་ཞིབ་གནང་བ།

སྤེལ་དུས་: 2020ལོ་04ཟླ་24ཚེས་ 12:09 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༢༡ ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་གནང་བ་དང་འབྲེལ་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་ལའོ་ཞན་གྲོང་རྡལ་དུ་ཕེབས་ནས། ཇིན་ཕིང་སྡེ་ཁུལ་དང་། གྲོང་རྡལ་འཕྲོད་བསྟེན་ཁང་། ལྟེ་བའི་སློབ་ཆུང་། ཇ་ལོའི་ར་བ་བཅས་སུ་ས་གནས་དེ་གའི་དབུལ་གྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་ལའོ་ཞན་གྲོང་རྡལ་ཇིན་ཕིང་སྡེ་ཁུལ་དུ་ཕེབས་ནས། གྲོང་རྡལ་དེ་ཡོངས་སུ་གྲོང་ཚོ ༡༡ གི་རི་མཐོ་ཉེན་ཆེའི་ཁུལ་གྱི་དུད་ཚང་དང་། ས་གཤིས་གནོད་འཚེ་ཕོག་པའི་དུད་ཚང་། དབུལ་ཕོངས་དུད་ཚང་བཅས་ཁྱོན་དུད་ཚང་ ༡༣༤༦ གི་ མི ༤༡༧༣ བཀོད་སྒྲིག་བྱས་ཡོད་པར་རྟོག་ཞིབ་གནང་བ་རེད། དེ་ནས་ཁོང་གིས་གནས་སྤོས་ཐེམ་དུད་ཝང་ཞན་ཕིང་གི་ཁྱིམ་དུ་ཕེབས་ནས་ཁྱིམ་མི་རྒན་གཞོན་རྣམས་དང་བཀའ་མོལ་གནང་བ་རེད། ཁོང་གིས་སྤོ་ཐུབ་པ་དང་བརྟན་ཐུབ་པ། སྡོད་ཐུབ་བཅས་བྱུང་ན་གཞི་ནས་བདེ་སྡོད་ལས་བརྩོན་ཐུབ། སྡོད་ཐུབ་པ་བྱེད་པར་དང་ཐོག་ལས་ཞུགས་བརྟན་པོ་དགོས། ཡོང་འབབ་གསོག་པར་འགྲོ་རྒྱུ་ནི་ཐར་ལམ་གཙོ་བོ་རེད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ད་ལོ་ཁྱོན་ཡོངས་ནས་ད་ཡོད་ཀྱི་ཚད་གཞིའི་འོག་གི་དབུལ་སྐྱོར་དམིགས་འབེན་ལེགས་སྒྲུབ་ཐུབ་རྒྱུའི་ཡིད་ཆེས་ང་ལ་ཡོད། ངས་དོ་ཁུར་དེ་བས་ཆེ་བ་བྱེད་པ་ནི། སླད་ཕྱིན་བརྟན་པོ་ཡོང་ཐུབ་མིན་དེ་རེད། དེའི་ཐད་ཕུགས་ཕན་གྱི་སྒྲིག་གཞི་ཞིག་ཡོད་དམ། ངས་བལྟས་ན་གཞི་རྩའི་བྱ་ཐབས་འདི་དག་བརྟན་པོ་དང་རྒྱུན་མཐུད་ཐུབ་པ་ཞིག་མ་རེད། གུང་ཁྲན་ཏང་ཡོན་གྱིས་བྱ་བ་སྒྲུབ་སྐབས་དངོས་ཐོག་བདེན་འཚོལ་བྱ་དགོས། མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཐོབ་པ་བྱ་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས་ཇིན་ཕིང་སྡེ་ཁུལ་ནས་ཞལ་གྱེས་སྐབས། ཕེབས་སྐྱེལ་ཞུ་བར་བཅར་མཁན་རྣམས་ལ་ཞལ་གྱེས་ཞུས་ནས། ཁོང་གིས་ང་ཚོའི་ཡུལ་མི་རྣམས་ཀྱི་འཚོ་བ་དེ་ང་ཚོའི་གྲོང་ཁྱེར་འདི་དག་གི་མིང་གི་མཚོན་དོན་ལྟར། བདེ་འཇགས་ལམ་ལྷོང་ཡོང་བའི་རེ་བ་རྩེ་གཅིག་ཏུ་བྱེད་ཀྱི་ཡོད། སུ་ཞིག་ཀྱང་མ་ལུས་པར་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་དང་། ཚང་མ་བདེ་བླག་ངང་དབུལ་གྲོལ་ཐུབ་པ། འབྱོར་འབྲིང་ལ་འགན་སྲུང་ཐུབ་པའི་རེ་བ་ཡོད། ཚང་མ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་ཞེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་གནས་དེའི་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་རིམ་ལྔ་པའི་འཛིན་གྲྭ་དང་པོའི་སློབ་ཁང་ནང་ཕེབས་ནས། བྱམས་བརྩེའི་ངང་བྱིས་པ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཡོད། ཁོང་གིས། ད་ཆ་བྱིས་པ་རྣམས་ཀྱི་ཁྲོད་མིག་ཤེལ་རྒྱག་དགོས་པ་ཧ་ཅང་མང་པོ་འདུག དེ་ནི་ངའི་སེམས་ཁྲལ་བྱེད་ས་ཞིག་ཡིན། ད་དུང་གཟུགས་གཞིའི་བདེ་ཐང་གི་ཚད་གཞིར་ཆ་བཞག་ན། གཟུགས་པོའི་སྦྱོང་བརྡར་ཉུང་དུ་ཕྱིན་པས་གཟུགས་གཞིའི་བདེ་ཐང་ཚད་གཞི་ཅུང་ཞན་དུ་ཕྱིན་ཡོད། སེམས་ཁམས་ཤེས་དཔལ་གྱིས་ཕྱུག་འདོད་ན། སྔོན་ལ་གཟུགས་གཞི་བདེ་ཐང་ཡོང་བར་བྱེད་དགོས་ཅེས་གསུང་པ་རེད།

དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕིང་ལི་རྫོང་ཉུས་ཝ་རྒྱ་བྱ་ཇ་ལས་དེང་རབས་དཔེ་སྟོན་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ཇ་ཞིང་འདེབས་འཛུགས་ཀྱི་གནས་ཚུལ་ལ་གཟིགས་པ་དང་། ཇ་འདེབས་ཞིང་པར་བྱམས་བརྩེའི་ངང་བཀའ་མོལ་གནང་ནས། ཇ་ལོར་བརྟེན་ནས་ཕྱུག་པོར་འགྱུར་བ་དང་། ཇ་ལོར་བརྟེན་ནས་བྱ་གཞག་དར་བར་བྱེད་དགོས། གནས་འདི་ནས་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས་ན། དོན་དག་འདི་དག་ཡག་པོ་སྒྲུབ་དགོས་པ་དང་། ཇ་ལོའི་ཐོན་ལས་འདི་རིགས་ཡག་པོ་གཉེར་དགོས་ཞེས་གསུངས་ཡོད།

སྤྱི་ཚེས ༢༢ ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཨན་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་སྔ་རྗེས་སུ་ཧྲའན་ཞི་རླངས་འཁོར་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་དང་། ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོ། ཏ་ཐང་མཚན་མོའི་ཁྲོམ་ལམ་བཅས་སུ་ཕེབས་ནས། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་སྤྱི་ཚོགས་འཚོ་བའི་སྒྲིག་ལམ་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་སྣོད་བཅུད་སྲུང་སྐྱོང་ལ་རྟོག་ཞིབ་གནང་བ། རིམས་ནད་འགོག་ཟོན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་བ། ཝུའུ་དབྱིང་ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་བརྟག་ཞིབ་གནང་སྐབས་རླབས་ཆེན་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་སྲ་བརྟན་དུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་མི་དམངས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བྱེད་དགོས་ཞེས་ནན་གསུང་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།