ཚོགས་ར།
རིག་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་སྔར་བས་ཤུགས་སྣོན་དང་། ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ། ཀྲུང་དབྱང་དབུལ་གྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཕྱིར་མིག་ལྟ་བའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། མི་རིགས་ཁག་གི་མང་ཚོགས་ལ་རྔམ་བརྗིད་ལྡན་པའི་ཁས་ལེན་བྱས་པ་དུས་བཀག་ནང་དོན་འཁྱོལ་བཅས་བྱ་ཆེད། སྤྱི་ཚེས ༢༢ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་དབུལ་གྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཆེད་དོན་སློབ་སྦྱོང་གནང་བ་རེད།
རྒྱུན་ཨུ་ཚོས་རང་སོ་སོའི་སློབ་སྦྱོང་དང་བསམ་གཞིག་དང་། ལས་བགོས་འགན་འཁུར་གྱི་ལས་ཀ གཞི་རིམ་དུ་བརྟག་ཞིབ་ལ་བསྐྱོད་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཟླ་བའི་བརྟག་ཞིབ་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་དང་། དོན་དངོས། མང་ཚོགས་བཅས་ནས་འགོ་བཙུགས་ཏེ། སློབ་སྦྱོང་གི་མྱོང་ཚོར་གླེང་བ་མ་ཟད། ལས་དོན་དོན་འཁྱོལ་གྱི་སྐོར་ཡང་གླེང་བས། བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོ་རུ་ཕྱིན་པ། ཐུན་མོང་གི་ངོས་འཛིན་གཅིག་མཐུན་བཅས་བྱུང་ཡོད།
ཚང་མའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་ཕྱོགས་སྡོམ་སྤེལ་རེས་ཀྱི་གསུང་བཤད་གནང་བ་དང་།རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་ཁྲོད་གནས་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་དབྱེ་ཞིབ་གཏིང་ཟབ་གནང་རྗེས། ཝུའུ་དབྱིང་ཅེས་ནན་གསུང་གནང་དོན། གནད་སྨིན་མཛད་ཇུས་མཐའ་འཁྱོངས་དང་སྔོན་གཏན་འཁེལ་བའི་དམིགས་ཚད་ལ་གཞིགས་ཏེ་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་དགོས།
གཅིག་ནས་དབུལ་པོ་རང་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལམ་སྲོལ་འཛུགས་དགོས།
གཉིས་ནས་ཕྱོགས་བསྡུས་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་གང་ལེགས་སྤྱོད་དགོས།
གསུམ་ནས་བྱ་ཐབས་སྣ་མང་སྤྱད་དེ་རིམས་ནད་ཀྱིས་དབུལ་གྲོལ་འགག་སྒྲོལ་ལ་ཐེབས་པའི་ཤུགས་རྐྱེན་སེལ་དགོས།
བཞི་ནས་དབུལ་གྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་བསླབ་གཞིར་བརྟེན་ནས་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ལྔ་ནས་དབུལ་གྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ཡག་པོ་བྱེད་དགོས།
ཝུའུ་དབྱིང་ཅེས་ལས་དོན་གྱི་འགན་འཁྲི་འཁུར་བར་ཤུགས་སྣོན་བརྒྱབ་ནས་དབུལ་གྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྤུས་ཚད་མི་འགྱུར་བ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ནས་སྲ་བརྟན་མཐོར་གཏོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་གང་ལེགས་བཏོན་ཏེ་ལས་འགན་ཁག་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་སྣོད་བཅུད་སྲུང་སྐྱོང་ལ་རྟོག་ཞིབ་གནང་བ། རིམས་ནད་འགོག་ཟོན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་བ། ཝུའུ་དབྱིང་ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་བརྟག་ཞིབ་གནང་སྐབས་རླབས་ཆེན་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་སྲ་བརྟན་དུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་མི་དམངས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བྱེད་དགོས་ཞེས་ནན་གསུང་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།