གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རང་ལྗོངས་ཀྱིས་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་བྱེད་པའི་ཚོགས་ཆེན་འཚོགས།

སྤེལ་དུས་: 2020ལོ་09ཟླ་24ཚེས་ 15:50 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚོགས་ར།

སྤྱི་ཚེས ༢༣ ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱིས་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ལས་བྱེད་པའི་ཚོགས་ཆེན་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་ཉིད་ཀྱིས་སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐར་ཕྱིན་ལེན་དགོས་པ་མ་ཟད། དྲིལ་བསྒྲགས་དེ་བས་ཡག་པོ་བྱེད་དགོས། སྣེ་ཁྲིད་ནས་སློབ་སྦྱོང་དང་། སྣེ་ཁྲིད་ནས་འཆད་ཁྲིད། སྣེ་ཁྲིད་ནས་ལས་དོན་སྒྲུབ་པ་བཅས་ཏན་ཏིག་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྐུལ་ཁྲིད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་གསུང་བཤད་གནང་བཞིན་པ།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན།

གཅིག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག བོད་ཀྱི་ལས་དོན་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

གཉིས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

གསུམ་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་དམིགས་ཚད་དང་ལས་འགན་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

བཞི་ནས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

ལྔ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་ཐབས་ཇུས་བཀོད་སྒྲིག་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

ཚོགས་ར།

དྲུག་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

བདུན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

བརྒྱད་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

དགུ་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

བཅུ་ནས་ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་དང་གོ་བ་ལེན་དགོས།

ཚོགས་ཞུགས་འཐུས་མིས་ཚོགས་འདུ་ནན་ཏན་ངང་ཉན་བཞིན་པ།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་ཐབས་ལམ་ཡང་བཏོན་གནང་བ་དང་། དམིགས་ཚད་གཏན་འཁེལ་གནང་ཡོད་ལ་སྲིད་ཇུས་ཀྱང་བཏོན་གནང་བ། བླང་བྱ་བཏོན་གནང་ཡོད་ལ་ཐབས་ཤེས་ཀྱང་སྟོན་གནང་ཡོད། ང་ཚོས་ངོས་འཛིན་གནད་ལ་འཁེལ་བ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། བྱེད་ཐབས་གནད་ལ་འཕིགས་པ། དོན་འཁྱོལ་དམིགས་སར་འཁྱོལ་བ་བཅས་བྱས་ཚེ། ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་། གདེང་ཚོད། གདིང་ཤུགས་བཅས་ཡོད་པས་བོད་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཚད་མཐོའི་མཐོང་ཆེན་བྱེད་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཝུའུ་དབྱིང་ཅེས་ཧྲའན་ཤིས་ཀྱི་ཏང་སྲིད་འཐུས་མི་དང་བཞུགས་མོལ་གནང་བ། ཞི་ཅིན་ཕིང་གིས་གཞི་རིམ་འཐུས་མི་དང་བཞུགས་མོལ་ཚོགས་འདུ་འཚོགས། ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ། ཝུའུ་དབྱིང་ཅེས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁེ་དང་བཞུགས་མོལ་གནང་བ།