གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

སྤེལ་དུས་: 2020ལོ་10ཟླ་15ཚེས་ 11:01 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས ༡༢ ཉིན་ནས ༡༣ ཉིན་བར་ཀོང་ཏུང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད། ཁོང་གིས་སྔ་རྗེས་སུ་ཁྲའོ་ཀྲོའུ་དང་། ཧྲན་ཐོའུ་རུ་ཕེབས་ཏེ་ཁྲའོ་ཀྲོའུ་ཡི་རིག་དངོས་ཉམས་གསོ་སྲུང་སྐྱོང་དང་། མངོན་མིན་རིག་གནས་རྒྱུན་འཛིན། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཧྲན་ཐོའུ་ཁའེ་པུའུ་ཡི་ལོ་རྒྱུས་དང་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ཚུན་གྱི་འཛུགས་སྐྲུན་གོང་འཕེལ་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད།

སྤྱི་ཚེས ༡༢ ཉིན་གྱི་ཕྱི་དྲོ། ཀོང་ཏུང་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཀྲོའུ་གནའ་གྲོང་དུ་ཕེབས་ཏེ། ཚོང་ཁང་ལ་གཟིགས་པ་དང་དངོས་ཟོག་གི་རིན་གོང་བཀའ་འདྲི་གནང་བ་མ་ཟད། ས་གནས་དེ་གའི་མང་ཚོགས་དང་མཛའ་བརྩེའི་སྤེལ་རེས་གནང་ཞིང་། ལོ་རྒྱུས་རིག་གནས་ཁྲོམ་ལམ་སྲུང་སྐྱོང་དང་ཚོང་ལས་སླར་གསོ་དང་ཁྲོམ་ར་སླར་གསོ་བྱས་ཚུལ་སྐོར་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། ཁྲའོ་ཀྲོའུ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་པས་དེ་ནི་རྩ་ཆེ་བ་དང་ཐོབ་པར་དཀའ་བ་ཞིག་རེད། ང་ཚོས་དེར་ཞིབ་འཇུག་ཡག་པོ་བྱེད་པ་དང་། གྲོང་ཁྱེར་དེར་དགའ་ཞེན་དང་། སྲུང་སྐྱོང་ཡག་པོ། འཛུགས་སྐྲུན་ཡག་པོ་བཅས་བྱེད་དགོས། ཁྲའོ་ཀྲོའུ་རུ་རྩ་ཆེའི་ནོར་བུ་མང་པོ་ཡོད་ཅིང་། ལོ་ངོ་འདི་དག་རིང་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་ཞིང་མདུན་ལྗོངས་ཀྱང་ཡག་པོ་ཡོད། ང་ཚོའི་ཁྲའོ་ཀྲོའུ་ཡི་ཡུལ་མི་བློ་མཐུན་ཚོས་གོ་སྐབས་བཟང་པོ་དེར་དམ་འཛིན་གྱིས་བབ་བསྟུན་འཕྲལ་སྒྲུབ་དང་། ཐོག་མ་ཉིད་ནས་ལག་ལེན་བསྟར་ནས་མུ་མཐུད་ཁྲའོ་ཀྲོའུ་འཛུགས་སྐྲུན་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཀྲོའུ་སན་ཧོན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ཤིང་། ཀུང་སིའི་འགྲེམས་ཁང་དང་། ཚོད་ལྟ་ཁང་། ཐོན་སྐྱེད་འཁོར་ཁང་བཅས་སུ་ཕེབས་ནས་ཁྱད་ལྡན་ཐོན་རྫས་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་ཀྱི་སྲོག་ཤིང་ལག་རྩལ་འགག་སྒྲོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། ང་ཚོར་ད་ལྟ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་བ་ཆེན་པོ་འབྱུང་བཞིན་ཡོད་པ་དང་། གནས་ཚུལ་དེ་ལྟ་བུའི་འོག་ང་ཚོས་རང་སྟོབས་རང་སྤེལ་འགྲོ་ལམ་ཐོག་བསྐྱོད་དགོས། དེ་ནི་རང་རྟེན་གསར་གཏོད་ཀྱི་རང་སྟོབས་རང་སྤེལ་ཞིག་ཡིན། ཏང་ཀྲུང་དབྱང་གི་འཐབ་ཇུས་བསམ་བཀོད་དེ་ལྟ་བུར་གོ་བ་ལེན་པ་དང་། འཐབ་ཇུས་ཆེན་པོ་དེ་ལྟ་བུའི་ཁྲོད་རང་ཉིད་ཀྱི་ངེས་གནས་ཡག་པོ་བཙལ་ཏེ། རང་རེའི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། རང་རེའི་རྒྱལ་ཁབ་དེང་རབས་ཅན་ལ་འགྱུར་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

སྤྱི་ཚེས ༡༣ ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཏུང་ཞིང་ཆེན་ཧྲན་ཐོའུ་གྲོང་ཁྱེར་གྱི་སྤྱི་གླིང་ཆུང་ངུའི་ཁའེ་པུའུ་ཁུལ་དུ་ཕེབས་ཤིང་། ཁའེ་པུའུ་ཡི་རིག་གནས་འགྲེམས་སྟོན་ཁང་དང་ཕྱིར་སྡོད་རང་མིའི་རིག་དངོས་ཁང་དུ་ཕེབས་ཏེ་ཧྲན་ཐོའུ་ཁའེ་པུའུ་ཡི་ལོ་རྒྱུས་དང་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ཚུན་གྱི་འཛུགས་སྐྲུན་གོང་འཕེལ་གྱི་གནས་ཚུལ། ཁྲའོ་ཧྲན་ཡི་ཕྱིར་སྡོད་རང་མིས་བརྩེ་བ་རྒྱལ་ཁབ་དང་ཕ་ཡུལ་ལ་བཅངས་པ་དང་། མེས་རྒྱལ་དང་ཕ་ཡུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པའི་ལོ་རྒྱུས་བཅས་མཁྱེན་རྟོགས་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་གིས་ཞབས་ཐང་ལ་ཕེབས་ཏེ་ཁའེ་པུའུ་ཁུལ་གྱི་སྲང་ལམ་གྱི་མི་ཆོས་རིག་གནས་དང་ལོ་རྒྱུས་ཉམས་སྣང་ལ་གཟིགས་ཞིབ་གནང་བ་དང་གྲོང་མི་མང་ཚོགས་དང་མཛའ་བརྩེའི་སྤེལ་རེས་གནང་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་གཟིགས་བྱ་རྒྱུའི་སྐུལ་སློང་ཚོགས་འདུ་འཚོགས་པ། ན་གཞོན་ལས་བྱེད་པ་ཚོར་ཞི་ཅིན་ཕིང་ནས་བཀའ་སློབ་གནང་འདུག ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གལ་ཆེན་ཞིག་གཙོ་སྐྱོང་གནང་བ། ཝུའུ་དབྱིང་ཅེས་ཧྲའན་ཤིས་ཀྱི་ཏང་སྲིད་འཐུས་མི་དང་བཞུགས་མོལ་གནང་བ།