གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སྒོ་ཀུན་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས་: 2020ལོ་11ཟླ་17ཚེས་ 11:41 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

 

སྤྱི་ཚེས ༡༤ ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་སྒོ་ཀུན་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག བློ་བརྟན་འགྱུར་མེད་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། འབྱུང་ཁམས་སྔོན་འཇོག་གི་སྦགས་མེད་གོང་འཕེལ་གྱི་ལེའུ་གསར་པ་རྩོམ་པ། ས་ཁོངས་མཐུན་སྦྱོར་གོང་འཕེལ་འགྲོ་བའི་མ་དཔེ་གསར་པ་གཏོད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་པ། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བཟང་ཆ་གསར་པ་གཏོད་པ། རི་ཆུ་མི་གྲོང་དང་བཅས་པ་ཞི་མཐུན་མཉམ་གནས་ཐུབ་པའི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་འདི་ཉིད་རང་རྒྱལ་གྱི་འབྱུང་ཁམས་སྔོན་འཇོག་གི་སྦགས་མེད་གོང་འཕེལ་གྱི་འཐབ་ས་གཙོ་བོ་དང་། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོ་གཉིས་ཀྱི་ཁྲག་རྒྱུན་གཙོ་བོ། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག་བཅས་སུ་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

http://cnvod.cnr.cn/audio2017/ondemand/wcmrelease/national/20201116/2f051050-83f6-4749-9a1f-f26930ea1cc4/30cac9c0-a4c9-4723-9a87-a9e369c9946f.jpeg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་དཔལ་འབྱོར་ཁུལ་གོང་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད།

བཞུགས་མོལ་ཚོགས་འདུ་དེ་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་གྲུབ་རྗེས་ཆེད་དུ་སྐོང་འཚོགས་གནང་བ་ཞིག་རེད། བཞུགས་མོལ་ཚོགས་འདུའི་ཐོག འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ཧོ་ལི་ཧྥོང་དང་། འབྱུང་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆེའུ། ཆུ་བེད་པུའི་པུའུ་ཀྲང་ཨེ་ཅིང་ཕིང་། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུ། ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལའུ་ཆིན་ཞན། ཅང་ཤིའི་ཞིང་ཨུད་ཀྱི་ཧྲུའུ་ཅི་ལེའུ་ཆི། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཕིང་ཆིང་ཧྭ་སོགས་བློ་མཐུན་བདུན་གྱིས་སྔ་རྗེས་སུ་གཏམ་བཤད་གནང་ནས་ལས་དོན་སྙན་སེང་ཞུས་པ་མ་ཟད་བསམ་འཆར་དང་གྲོས་འགོ་བཏོན་ཡོད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་གྱི་དེ་མིན་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཀྱང་ཡིག་ཐོག་གཏམ་བཤད་གནང་ཡོད་པ་རེད།

ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ལོ་ངོ་ལྔའི་རིང་། ཏང་ཀྲུང་དབྱང་གི་སྟོབས་ལྡན་དབུ་ཁྲིད་འོག འབྲི་ཆུའི་འགྲམ་ངོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་འབྱུང་ཁམས་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་དང་། དཔལ་འབྱོར་སྤྱི་ཚོགས་སྒོ་ཀུན་ནས་སྦགས་མེད་ཅན་དུ་བརྗེ་བསྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དེའི་ཤུགས་ཚད་དང་གཞི་ཁྱོན། ཤུགས་རྐྱེན་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁ་བསྒྱུར་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་དཔལ་འབྱོར་གོང་འཕེལ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། གྲུབ་གཞི་ལེགས་སྒྲིག་ཐུབ་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་སོང་བ། གོང་འཕེལ་ཁྲོད་དུ་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོབ་ཁྲོད་དུ་གོང་འཕེལ་གཏོང་རྒྱུ་མངོན་འགྱུར་བྱུང་ཡོད། ལྷག་པར་དུ་ད་ལོའི་ཚུན་དུ་འབྲི་ཆུའི་འགྲམ་ངོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཐོལ་བྱུང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་བཅག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་འགྱུར་ཐོག་བཀོད་སྒྲིག་ཡག་པོ་བྱས་ཤིང་། ཆུ་ལོག་གི་གནོད་འཚེ་ཆེན་པོ་དང་ཕྱི་ཡུལ་ཁོར་ཡུག་གི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་ནས་རང་རྒྱལ་གྱིས་གོ་ལའི་དཔལ་འབྱོར་མ་ལག་གཙོ་བོའི་ཁྲོད་དུ་དཔལ་འབྱོར་འཕར་སྣོན་སླར་གསོ་ཡོང་བ་བྱེད་པའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དེ་ནི་ཏང་ཀྲུང་དབྱང་གིས་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཆེན་པོ་ཞིག་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཏུའང་དོན་དེའི་ཐད་བླང་བྱ་གསལ་པོ་བཏོན་ཡོད། འབྲི་ཆུའི་དཔལ་འབྱོར་ཁུལ་ནི་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཅིག་ལ་ཁྱབ་ཅིང་། རང་རྒྱལ་གྱི་ཤར་ནུབ་དབུས་གསུམ་དང་འབྲེལ་བ་དང་། མི་འབོར་གྱི་གཞི་ཁྱོན་དང་དཔལ་འབྱོར་སྤྱི་འབོར་ཚང་མས་རྒྱལ་ཡོངས་ཀྱི་ཕྱེད་ཀ་ཙམ་ཟིན་ཡོད། ཁུལ་དེའི་འབྱུང་ཁམས་གནས་བབ་གལ་ཆེ་ཞིང་། གོང་འཕེལ་གཏོང་གཞི་ཆེ་བས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

http://cnvod.cnr.cn/audio2017/ondemand/wcmrelease/national/20201116/2f051050-83f6-4749-9a1f-f26930ea1cc4/1c376285-612e-49f9-93be-5e79b13c2868.jpeg

ཞི་ཅིན་ཕིང་གིས། འབྱུང་ཁམས་ཁོར་ཡུག་མ་ལག་སྲུང་སྐྱོབ་དང་སླར་གསོ་ཡོང་བ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འབྱུང་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་རྒྱུག་ཁུལ་མ་ལག་རང་བཞིན་ནས་འགོ་བཙུགས་ཏེ་འབྱུང་ཁུངས་ཤེས་རྟོགས་དང་། མ་ལག་བཅོས་སྐྱོང་བྱས་ནས་ཁྲལ་སེལ་སླ་བཅོས་ཀྱི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གནད་དོན་གྱི་འབྱུང་རྩ་ཤེས་རྟོགས་དང་། འབྱུང་རྩ་རང་ནས་འབྱུང་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོབ་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རི་ཆུ་ནགས་དང་ཞིང་མཚོ་རྩྭ་སོགས་ཀྱི་འབྱུང་ཁམས་མི་འདྲ་བའི་བར་མཐུན་སྦྱོར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། འབྲི་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ཁུལ་ཕན་ཚུན་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་བ། བྱ་ཐབས་འདྲ་མིན་ཁག་གི་འཚམས་མཐུན་རང་བཞིན་དང་གཅིག་སྡུད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་། གཙོ་གནད་གནད་དོན་འགག་གྲོལ་ཐུབ་པ་དང་དུས་མཚུངས་སུ་ཕྱོགས་བསྡུས་བཅོས་སྐྱོང་གི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བཅོས་སྒྲིག་དོ་སྙོམ་མེད་པ་དང་བཅོས་སྒྲིག་རྐྱང་པ་བྱེད་པ། བཅོས་སྒྲིག་བྱ་རྒྱུ་ཕན་ཚུན་འཐུས་ཤོར་སོང་བ་སོགས་ཀྱི་གནད་དོན་ཐོན་རྒྱུ་སྔོན་འགོག་བྱེད་དགོས། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནན་པོ་བྱེད་པའི་སྔོན་འགྲོའི་འོག སྒོ་ཀུན་ནས་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ་དང་། སྦགས་མེད་ཐན་ཉུང་གི་གོང་འཕེལ་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་སྦགས་མེད་གོང་འཕེལ་གྱི་དཔེ་སྟོན་ཁུལ་གཏོད་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་གི་འདུ་ཤེས་གསར་པ་འཛུགས་པ། ཆུའི་ཁོར་ཡུག་དང་། ཆུའི་འབྱུང་ཁམས། ཆུའི་ཐོན་ཁུངས། ཆུའི་བདེ་འཇགས། ཆུའི་རིག་གནས། འགྲམ་ངོགས་སོགས་ཕྱོགས་མང་པོའི་ཐད་ཀྱི་འབྲེལ་བར་གཅིག་གྱུར་ངང་བསམ་གཞིགས་བྱེད་པ། འབྲི་ཆུའི་སྟོད་རྒྱུད་དང་། དབུས་རྒྱུད། སྨད་རྒྱུད། གཙང་པོ་དང་ཆུ་བོ། མཚེའུ་དང་ཆུ་མཛོད། འགྲམ་ངོགས་གཡས་གཡོན། ཆུ་བོ་ཨ་མ་དང་ཡན་ལག་ཆུ་བོ་བཅས་མཐུན་སྦྱོར་ངང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་དང་ཆུ་ཁོངས་ཀྱི་འབྱུང་ཁམས་ནུས་པ་ལེགས་བཅོས་བྱེད་པ། འབྱུང་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་གོང་མཐོར་འགྲོ་བ་བྱེད་དགོས། རྒྱལ་ཁོངས་ས་ཆའི་བར་ཁམས་ཀྱི་དོ་དམ་ཚོད་འཛིན་དང་བཀག་འཇོག་གསལ་ཐོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་ཁམས་ཀྱི་དམར་ཐིག་ནན་པོ་སྲུང་བ། འབྱུང་ཁམས་སླར་གསོ་དང་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལས་གཞི་རྒྱུན་མཐུད་ལག་ལེན་བསྟར་བ། འབྲི་ཆུའི་འབྱུང་ཁམས་ཀྱི་སྔར་ཡོད་རང་བཞིན་དང་ཆ་ཚང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བ་བྱེད་པའི་ལམ་སྲོལ་གང་མགྱོགས་བཙུགས་ཏེ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ལུགས་མཐུན་གྱི་གྲུབ་འབྲས་ཐོབ་པ་དང་འབྱུང་ཁམས་ཁོར་ཡུག་གཏོར་བཤིག་བཏང་བར་དེ་མཚུངས་ཀྱི་རིན་དོད་འཇལ་དུ་འཇུག་དགོས། འབྲི་ཆུའི་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་དང་། གནོད་འཚེ་འགོག་བཅོས། འཕྲལ་སྒྲུབ་རོགས་སྐྱོབ་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ལམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུ་རགས་བརྟན་གཏོང་ལ་སྐུལ་འདེད་བཏང་ནས་དུས་བདེ་ཞོད་འཇགས་ཀྱི་འབྲི་ཆུ་སྐྱོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་ཤར་གཏོང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་གོང་འོག་གཅིག་གྱུར་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ཁྲོད་རང་ངོས་གོང་འཕེལ་གྱི་ངེས་གནས་གསལ་པོ་བཟོ་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་གཏོང་ཡོང་རྒྱུར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པའི་ནུས་ལྡན་བྱ་ཐབས་འཚོལ་ཞིབ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དགོས་མཁོའི་ཁྲིད་སྟོན་དང་མཁོ་སྤྲོད་ཀྱི་གསར་གཏོད་ཟུང་འབྲེལ་ཡག་པོ་བྱེད་པ་དང་། སྟོད་རྒྱུད་དང་། དབུས་རྒྱུད། སྨད་རྒྱུད་བཅས་མཐུན་སྦྱོར་མཉམ་འགུལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འབྱུང་ཁམས་ཁོར་ཡུག་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་བཅས་མཉམ་འཛུགས་དང་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། འབྲི་ཆུའི་སྨད་རྒྱུད་ས་ཁུལ་གྱི་མ་དངུལ་དང་། ལག་རྩལ། ངལ་རྩོལ་རུབ་འདུས་རྣམ་པའི་ཐོན་ལས་བཅས་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དུ་གོ་རིམ་ལྡན་པའི་ངང་སྤོ་རྒྱུར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཐོན་ལས་འབྲེལ་ཐག་གི་འགག་རྩའི་ལྷུ་ཚིགས་ཉར་འཇོག་བྱེད་དགོས། མི་ལྟེ་བར་འཛིན་པའི་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ་དང་། ལྟེ་བའི་གྲོང་ཁྱེར་དང་ས་ཁོངས་གོང་འཕེལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྫོང་གྲོང་གིས་མ་ཕྱི་གལ་ཆེན་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གྱི་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་བཤངས་བའི་ནུས་པ་ཆེ་རུ་གཏོང་དགོས། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ཡག་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་ཡོང་འབབ་མཐོ་རུ་འགྲོ་བ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས་བཅས་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སྟབས་བདེའི་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། མཉམ་དུ་འབྱོར་ཕྱུག་ལྡན་པར་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གཅིག་གྱུར་དང་སྒོ་དབྱེ། གོ་རིམ་ལྡན་པ་བཅས་ཀྱི་སྐྱེལ་འདྲེན་ཁྲོམ་ར་འཛུགས་པ་དང་། སྐྱེལ་འདྲེན་གྲུབ་གཞི་ལེགས་སྒྱུར་དང་ལེགས་སྒྲིག་བྱེད་པ། སྐྱེལ་འདྲེན་སྒྲིག་འཛུགས་མ་དཔེ་གསར་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་བསྐྲུན་དགོས། མཚོ་འགྲམ་དང་། གཙང་འགྲམ། མཐའ་མཚམས་འགྲམ་རྒྱུད། ནང་ལོག་སྐམ་ས་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ནང་ལོག་སྐམ་སའི་སྒོ་དབྱེའི་མཐོ་ས་དེ་བས་མང་བ་གང་མགྱོགས་སྐྱེད་སྲིང་བྱེད་པ། མཐའ་མཚམས་འགྲམ་རྒྱུད་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ཚད་མཐོ་པོས་ནང་འདྲེན་དང་ཆུ་ཚད་མཐོ་པོས་ཕྱིར་སྐྱོད་རྒྱུ་མངོན་འགྱུར་ཡོང་བ་བྱེད་པ། ཉོ་ཚོང་གི་གསར་སྐྲུན་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྤུས་ཚད་སྔར་བས་མཐོ་བའི་ཐོག་ནས་ཕྱི་དངུལ་བེད་སྤྱོད་བྱ་དགོས། སྒྲིག་སྲོལ་ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་སྔར་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། སྒོ་དབྱེ་དང་བདེ་འཇགས་ཀྱི་འབྲེལ་བ་ཁོང་དུ་གང་ལེགས་ཆུད་པ་བྱེད་པ་དང་། སྒོ་དབྱེའི་བདེ་འཇགས་དྲ་བ་གང་ལེགས་འཛུགས་དགོས། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་བབ་གསར་པའི་ཁྲོད་རང་རང་གི་གནས་ཐིག་གཏན་ཁེལ་འཕྱུགས་མེད་བྱེད་དགོས། རང་འགུལ་གྱི་སྒོ་ནས་གོ་ལ་ཧྲིལ་པོར་ཚོང་རའི་སྒོ་མོ་འབྱེད་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ཀྱི་རྟེན་གནས་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། མ་འཇོག་དང་ཉོ་ཚོང་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འབྲེལ་ཐག་དེང་རབས་ཅན་དུ་མགྱོགས་མྱུར་ངང་འགྱུར་བ་བྱེད་དགོས། གསར་གཏོད་བྱེད་ཕོད་པ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཟུགས་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འབྲེལ་ཐག་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུར་དམིགས་ནས་མཐུན་སྦྱོར་མཉམ་འགུལ་གྱི་སྤྱི་ཡོངས་ཀྱི་བཟང་ཆ་འདོན་སྤེལ་བྱེད་དགོས་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་ཆ་གསར་པ་ཁྱོན་ཡོངས་ནས་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་བཅས་གསུམ་འབྲེལ་མཐུད་ནུས་ལྡན་དང་ས་ཁོངས་ལས་བརྒལ་བའི་ཤུགས་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་། གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་ཁག་ཅིག་བཀོད་སྒྲིག་གང་མགྱོགས་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་འགག་གནད་ལས་སྒྲོལ་མགྱོགས་སུ་གཏོང་བ་དང་། འགག་རྩའི་ལྷུ་ཚིགས་དང་། འགག་རྩའི་ཁྱབ་ཁོངས། འགག་རྩའི་ཐོན་རྫས་བཅས་ཀྱི་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ལྟེ་གནས་དང་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཐོག་མའི་གསར་གཏོད་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་པ་འཛུགས་པ་དང་། རང་བརྟེན་ཚོད་འཛིན་ཐུབ་པ། བདེ་འཇགས་དང་ལས་ཆོད་ཆེ་བ་མ་ཟད། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་འཛུགས་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། རིགས་ཁག་གི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་རྒྱུག་བྱེད་པར་ཚོད་འཛིན་བྱེད་པའི་ལམ་ལུགས་ཀྱི་བཀག་རྒྱ་གཏོར་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། འབྲི་ཆུའི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་དགོས། འབྲི་ཆུས་སི་ཁྲོན་རྒྱུད་ཀྱི་རི་ཆུ་ནས་འབྲི་ཆུའི་ལྷོ་རྒྱུད་ས་ཁུལ་གྱི་ལོ་ངོ་སྟོང་གི་རིག་གནས་ཀྱི་འབྱུང་རྩ་བསྐྲུན་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་ཚབ་མཚོན་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་ཚབ་མཚོན་རང་བཞིན་གྱི་མཚོན་བྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་རེད། འབྲི་ཆུའི་རིག་གནས་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། དར་སྤེལ་ཡག་པོ་བཅས་བྱས་ནས། ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་ཐུབ་པ་བྱེད་པ་དང་རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། འབྲི་ཆུའི་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། འབྲི་ཆུའི་རིག་གནས་ཀྱི་ནང་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འབྲི་ཆུའི་ལོ་རྒྱུས་རིག་གནས་དང་རི་ཆུའི་རིག་གནས་དེ་གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་དང་མཉམ་འདྲེས་ཐུབ་པ་བྱེད་པ་དང་། ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྒྱུར་བཀོད་ཆུང་གྲས་དང་ལས་དོན་ཞིབ་ཚགས་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་སྲང་ལམ་དང་གྲོང་ཁུལ་ཉམས་གསོ་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་དང་ལྷག་པར་དུ་ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སེམས་ཤུགས་བརྟན་པོ་དང་། འགན་འཁྲི་འཁུར་ཕོད་པ། བྱས་པའི་ལས་ལ་བྱས་རྗེས་ཡོད་པ། ཕྱིན་པའི་ལམ་ལ་རྐང་རྗེས་འཇོག་ཐུབ་པ་བཅས་བྱས་ནས་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཡག་པོ། ཕན་འབྲས་ཐོན་ཐུབ་པ་བཅས་བྱེད་དགོས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། མིག་སྔར་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་ལ་ཚོད་འཛིན་བཟོ་བའི་དོ་ཁུར་ཆེ་བའི་གནད་དོན་དང་། དཀའ་གནད། ཐག་གཅོད་བྱེད་དཀའ་བའི་གནད་དོན་བཅས་ལ་དམིགས་ནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གནས་ཚུལ་ངོ་མ་གསལ་རྟོགས་བྱེད་དགོས་པ་དང་། གནད་དོན་གྱི་འབྱུང་རྩ་བཙལ་ནས་ཁ་གཏད་གཅོག་པའི་ཐབས་ཇུས་འདོན་དགོས། ཀྲུང་དབྱང་གི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་ནང་ཧུར་ཐག་ཞུགས་དགོས་པ་དང་། མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་སོགས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབྲི་ཆུའི་དཔལ་འབྱོར་ཁུལ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་དང་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱས་ཏེ། འཆར་གཞི་གཅིག་མཐར་ཕྱིན་པ་འགོད་པ་དང་། གཅིག་རྗེས་གཉིས་མཐུད་ངང་ལས་ཀ་བྱས་ཏེ། མི་རབས་རྗེས་མར་ཡང་ཆུ་གཙང་མ་བེད་སྤྱོད་གཏོང་རྒྱུ་ཡོད་པ་དང་མི་དམངས་ལ་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཧན་ཀྲེང་གིས་གསུང་བཤད་གནང་སྐབས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། གོང་འཕེལ་ཀྱི་འདུ་ཤེས་གསར་པ་གོང་འཕེལ་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་ཡག་པོ་བསྟན་ནས། གོང་འཕེལ་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། རྒྱུད་རིམ་ལྡན་པའི་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་འབྲི་ཆུར་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ། འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་གྱི་སྣ་མང་རང་བཞིན་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་མཐུན་སྦྱོར་མཉམ་འགུལ་གོང་འཕེལ་ལ་ཤུགས་སྣོན་བརྒྱབ་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཚན་རྩལ་གསར་གཏོད་ནུས་པ་སྤྱི་ཡོངས་ནས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་ཀྱི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་སྒྱུར་བྱེད་པ། སྦགས་བཙོག་ཅན་གྱི་ཐོན་ལས་དང་ཁེ་ལས་རྣམས་འབྲི་ཆུའི་སྟོད་རྒྱུད་དང་བར་རྒྱུད་ས་ཁུལ་དུ་སྤོ་སྒྱུར་བྱ་རྒྱུ་གཏན་འགོག་བྱེད་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་ལག་གི་གྲུ་ལམ་གཙོ་བོའི་གྲུ་གཟིངས་ཤར་གཏོང་བྱེད་ནུས་ཆེ་རུ་གཏོང་བ། ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ་བཅས་ཀྱི་སྐྱེལ་འདྲེན་དྲ་བ་འཛུགས་ཤུགས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱུད་གཅིག་ལམ་གཅིག འཛུགས་སྐྲུན་དང་མཉམ་འདྲེས་གཏིང་ཟབ་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཞའོ་ཅེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས། ཞི་ཅིན་ཕིང་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།