གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིས་སུ་འཚམས་འདྲི་གནང་བར་ཕེབས་པ།

སྤེལ་དུས་: 2022ལོ་01ཟླ་30ཚེས་ 11:56 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༡ ཚེས ༢༦ དང་ ༢༧ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲན་ཤིས་སུ་ཕེབས་ནས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

图片

ཚེས ༢༦ ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ལིན་ཧྥུན་གྲོང་ཁྱེར་ཧྥུན་ཞི་རྫོང་སེང་ཉན་གྲོང་རྡལ་ཏོན་གྲོང་ཚོའི་རིག་གནས་ཐང་ཆེན་དུ་ཕེབས་ནས་ཡུལ་མི་སྤུན་ཟླ་ཚོར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཀང་ཨའོ་ཐའེ་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་རང་མིར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་བཞིན་པ།

ཞི་ཅིན་ཕིང་གིས་བསྟན་དོན། ངས་སྔ་བར་ཕྱི་གསུམ་དུ་གེགས་ཁུལ་གྱི་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་ཧྲན་ཤིས་སུ་འབྱོར་མ་ཐག་འདི་གར་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་གནས་ཚུལ་ལ་ལྟ་བར་ཡོང་བ་ཡིན། གྲོང་ཚོའི་རྣམ་པ་གཙང་ཞིང་གྲལ་འགྲིག་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱུང་བ། བསྐྱར་སྐྲུན་དང་ཉམས་གསོ་བྱས་པའི་ཁང་པ་བརྟན་ལ་དྲོ་སྐྱིད་ལྡན་པ། ཁྱིམ་ཚང་ཚང་མས་ལོ་གསར་གྱི་གྲ་སྒྲིག་བྱེད་ཅིང་ལོ་གསར་གྱི་མཁོ་ཆས་ཀྱང་སྣ་ཁ་འཛོམས་པ། ཞིང་ནང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡོད་པ་མཐོང་སྐབས། ང་དགའ་ཚོར་ཆེན་པོ་བྱུང་། ཡུལ་མི་སྤུན་ཟླ་ཚོར་ཐོན་སྐྱེད་དང་འཚོ་བའི་ཐད་ད་དུང་དཀའ་ངལ་གང་ཞིག་ཡོད་ཚེ་ཏང་དང་སྲིད་གཞུང་གིས་མུ་མཐུད་ཐག་གཅོད་བྱེད་རོགས་བྱེད་ངེས་རེད། གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་གཅིག་འདོམས་བྱས་ནས་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་། གནོད་འཚེ་སྔོན་འགོག་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ། གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། གནོད་འཚེ་སེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བཅས་བྱས་ནས། འབད་བརྩོན་ལྷོད་མེད་ངང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་པ་ནི་རང་རེའི་ཏང་གི་ལོ་བརྒྱའི་རིང་གི་སྙིང་རུས་ཆེ་བའི་དོན་གཉེར་ཞིག་ཡིན་པས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། མི་རབས་ནས་མི་རབས་བར་དོན་གཉེར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བར། གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་ཏན་ཏིག་བཏང་ནས། མང་ཚོགས་ལ་དེ་བས་ལེགས་པའི་འཚོ་བ་སྐྱེལ་དུ་བཅུག་སྟེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་མདུན་ལམ་ལྡན་པར་བྱེད་དགོས།

图片

ཚེས ༢༧ ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲན་ཤིས་རུའེ་ཀོང་ཚ་གློག་ཚད་ཡོད་འགན་འཁྲི་ཀུང་སིའི་རྡོ་སོལ་གསོག་འཇོག་ར་བར་རྡོ་སོལ་གྱི་གསོག་འཇོག་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་ལ་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདྲེས་ཡོད། དེ་ནི་ང་ཚོ་མི་རབས་འདིར་གཏོགས་པ་ཞིག་རེད་ལ། ཕ་ཚ་བུ་རྒྱུད་ལའང་གཏོགས་པ་ཞིག་རེད། ལོ་རྒྱུས་ལ་གུས་སྐྲག་དང་། རིག་གནས་ལ་གུས་སྐྲག སྐྱེ་ཁམས་ལ་གུས་སྐྲག་བཅས་བྱེད་པར། ལོ་རྒྱུས་དང་རིག་གནས་ཀྱི་ཤུལ་བཞག་ཕྱོགས་ཡོངས་ནས་སྲུང་སྐྱོང་ཡག་པོ་བྱས་ཏེ། ཡུལ་སྐོར་འཕེལ་རྒྱས་དང་། ཁྱད་ལྡན་གཉེར་སྐྱོང་། གནའ་གྲོང་སྲུང་སྐྱོང་བཅས་ལ་གཅིག་འདོམས་ཡག་པོ་བྱེད་པ་དང་། རིག་དངོས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས། སྔོན་རབས་པ་ཚོས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་འདི་དམ་པོར་བཟུང་ནས། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་ལས་དོན་ལ་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཕྲ་བཅས་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་ཚན་རིག་གི་རང་བཞིན་དང་གནད་སྨིན་གྱི་རང་བཞིན་ཆེ་རུ་གཏོང་དགོས། སྨན་བཅོས་དང་། མཁོ་སྤྲོད། ཤར་བགྲོད་སོགས་ཀྱི་མང་ཚོགས་ཀྱི་གནད་དོན་ཚང་མ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་བ་ནི་གཞན་གྱིས་ང་ཚོར་སྒྲུབ་ཏུ་བཅུག་པ་ཞིག་མ་ཡིན་པར། དེ་ནི་ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་སྒྲུབ་དགོས་པ་ཞིག་རེད། འོན་ཀྱང་དེ་ནི་དལ་དལ་ལྷོད་ལྷོད་ངང་མངོན་འགྱུར་ཐུབ་པ་ཞིག་མ་ཡིན་པར། སྒུག་མི་རུང་ལ་བྲེལ་བ་ཡང་བྱ་མི་རུང་། ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་གོ་རིམ་ཁོང་དུ་ཆུད་པར་བྱས་ནས་རྙིང་དོར་གསར་འཛུགས་དང་བརྟན་ཐོག་ཡར་འཕེལ་ཡོང་བར་བྱེད་དགོས། རྡོ་སོལ་མང་ཞིང་རྡོ་སྣུམ་དང་སོལ་རླངས་ཉུང་བ་ནི་རང་རྒྱལ་གྱི་རྒྱལ་བབ་ཡིན་པས། རྒྱལ་ནང་གི་ནུས་ཁུངས་ཐོན་སྐྱེད་རྨང་གཞི་བརྟན་དུ་གཏོང་བ་དང་། རྡོ་སོལ་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན་བྱེད་པ། རྡོ་སོལ་གཙང་མ་དང་ཐཱན་ཉུང་འཕེལ་རྒྱས། སྣ་མང་ཅན་གྱི་བེད་སྤྱོད། ཕྱོགས་བསྡུས་གསོག་འདྲེན་བཅས་ཀྱི་གནད་དོན་ཆེན་པོར་དམ་འཛིན་ཡག་པོ་བྱེད་པར་གཅིག་འདོམས། འབྱུང་འཕྲོད་ཐཱན་ཉུང་ལག་རྩལ་གྱི་འགག་སྒྲོལ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་མཁོ་སྤྲོད་སྙོམས་སྒྲིག་ལ་ཤུགས་སྣོན་དང་། ནུས་ཁུངས་མཁོ་སྤྲོད་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་བ། ཁེ་ལས་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་ཁྲིད་དེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པ། དམངས་འཚོའི་ནུས་རྒྱུ་སྤྱོད་པའི་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཧྲན་ཞི་ཡི་གཞི་རིམ་ལས་བྱེད་མང་ཚོཊ་ལ་འཚམས་འདྲི་གནང་། རང་སྐྱོང་ལྗོངས་ཀྱི་ལོ་གསར་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ། ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུ་གལ་ཆེན་ཞིག་ལྷ་སར་འཚོགས་པ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་གཏོད་དགོས།