གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

སྤེལ་དུས་: 2023ལོ་03ཟླ་30ཚེས་ 10:45 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ ༦༤ འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

སྤྱི་ཟླ ༣ ཚེས ༢༨ ཉིན། རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ ༦༤ འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་གཟབ་རྒྱས་སྤེལ་བ་རེད།

图片

ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ།

དེ་ཉིན་སྔ་དྲོར། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ ༦༤ འཁོར་བར་དྲན་གསོ་ཞུ་བའི་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་པ་རེད།

ཆུ་ཚོད་བཅུ་པ་ཏག་ཏག་ལ། རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་གོམ་སྟབས་བརྟན་པོར་སྤོས་ཏེ་རྒྱལ་དར་སྒྲེང་སྟེགས་སུ་སྲུང་སྐྱེལ་བྱས། དམག་དཔུང་རོལ་ཆའི་རུ་ཁག་གིས་རྔམ་བརྗིད་ལྡན་པའི༼བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས༽དཀྲོལ་བ་དང་དར་ཆ་སྒྲེང་མཁན་གྱིས་རྒྱལ་དར་དལ་བུར་བསྒྲེངས་ཤིང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི ༢༠༠༠ ལྷག་ཙམ་གྱིས་དལ་བུར་སྒྲེང་བའི་སྐར་ལྔའི་དར་དམར་ལ་ཕྱོགས་ཏེ་ཀྲོང་ངེར་ལངས་པ་དང་མཉམ་དུ་རྒྱལ་གླུ་བླངས།

图片

ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཡུལ།

རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་ལ་ཕེབས་པ་རེད།

图片

ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་འགྲེམས་སྟོན་ལ་གཟིགས་པ།

འགྲེམས་ཁང་དུ་ཝང་ཅུན་ཀྲེང་གིས་ཡུལ་དངོས་ཀྱི་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འགྲེམས་སྟོན་ལ་གཟིགས་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་སྟེ། ཚང་མ་དང་མཉམ་དུ་འཕོ་འགྱུར་ཆེ་བ་དང་ཟིལ་རླབས་དགུང་འཕྱུར་གྱི་བརྗེད་པར་དཀའ་བའི་ལོ་ཟླར་བསྐྱར་དྲན་གནང་བ་རེད།

ཁོང་གིས་གསུངས་དོན། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དེ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཞིག་ཡིན་པའི་ངོས་ནས། ཐུན་མོང་མ་ཡིན་པའི་ནུས་པ་རྒྱུན་མཐུད་འདོན་སྤེལ་བྱས་ཏེ། དྲན་གསོ་ཁང་འདི་ཉིད་མི་རིགས་མཐུན་སྒྲིལ་དང་བོད་གསར་རྙིང་བསྡུར་བའི་སློབ་གསོའི་ལས་སྟེགས་ཡག་པོ་ཞིག་ཏུ་འགྱུར་བ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་སྔར་བས་ཟབ་ཏུ་གཏོང་དགོས། འདུ་ཤེས་གསུམ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་ནས་བརྒྱུད་བསྒྲགས་དང་ཞབས་ཞུ་བྱེད་སྟངས་གསར་གཏོད་དང་དྲན་གསོ་ཁང་གི་འགྲེམས་སྟོན་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། ཞིང་འབྲོག་ཁུལ། སློབ་གྲྭ སྡེ་ཁུལ། དགོན་སྡེ། དམག་སྒར་བཅས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྔ་དེང་བསྡུར་ནས་བོད་ཀྱི་འཕོ་འགྱུར་ཆེན་པོ་སྔར་བས་ཚོར་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་མོལ་གནང་བ། ༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ། བོད་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།