ཁྲེན་ཡུང་ཆི་ཞུགས་པ།
ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ལུའི་ཡན་སུང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ལུའི་ཡན་སུང་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཁྲེན་ཡུང་ཆི་དང་། དབང་ཧའེ་ཀྲོའུ། ཟླ་བ་ཚེ་རིང་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས། ལུའི་ཡན་སུང་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཤིན་ཧྭ་གསར་འགྱུར་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེའང་ཞུས་པ་རེད། ཁོང་གིས་མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་རྒྱག་པ་བཅས་བྱས་ཏེ། བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་བྱ་གཞག་ཁག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། དེང་སྐབས་ཀྱི་བོད་ལྗོངས་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པ་ཞིག་མངོན་བཞིན་ཡོད། སླད་ཕྱིན་ཤིན་ཧྭ་གསར་འགྱུར་ཁང་གིས་ཀྲུང་དབྱང་སྨྱན་སྦྱོར་གྱི་གཙོ་རྒྱུན་དབང་གྲགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་སྤེལ་གཏོང་བྱེད་པ་དང་། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཚོལ་ཞིབ་དང་ལག་ལེན་མངོན་པར་བྱེད་པ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་འབད་འཐབ་མཐའ་གཅིག་ཏུ་བྱེད་པའི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པ་བཅས་བྱས་ནས། འཛམ་གླིང་གིས་བོད་ཤེས་རྟོགས་དེ་བས་ཡག་པོ་ཡོང་བ་དང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་མགྱོགས་ནས་མྱུར་དུ་སྐྱོད་ཐུབ་པ་དང་དེ་བཞིན་ཤེས་ལྡན་པ་དང་། ལག་རྩལ། དོ་དམ་སོགས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ལ་འཇོན་ཐང་ཆེ་བ་དང་བདེན་འཚོལ་གསར་གཏོད་ཀྱི་བྱང་ཚད་མཐོ་བའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་གཏོད་ལ་རམ་འདེགས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ལུའི་ཡན་སུང་གིས། ཤིན་ཧྭ་གསར་འགྱུར་ཁང་གི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཤིན་ཧྭ་གསར་འགྱུར་ཁང་དང་། ལྷག་པར་དུ་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རྒྱང་ལམ་གསར་པར་ཤིན་ཧྭ་གསར་འགྱུར་ཁང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་གཙོ་ཤུགས་དམག་གི་ཐབས་ལམ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་སྔར་ལས་ལྷག་པར་བཏོན་ནས་བོད་དང་མཉམ་དུ་ཤུགས་བརྒྱབ་སྟེ། དུས་རབས་གསར་པའི་ལོ་བཅུའི་རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱུང་བའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་སྔར་བས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། འཛམ་གླིང་ལ་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དྲང་ནུས་གཅིག་སྡུད་དང་གླེང་ཕྱོགས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐེར་ཐེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ་དང་མཇལ་འཛོམས་གནང་བ། རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་པ། སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།