གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཧེ་ལུང་ཅང་གི་གནོད་འཚེ་ཕོག་པའི་མང་ཚོཊ་ལ་གཟིཊ་པ།

སྤེལ་དུས་: 2023ལོ་09ཟླ་08ཚེས་ 12:53 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚེས ༧ ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆུ་ལོག་གི་གནོད་འཚེ་ཕོག་པའི་ཧར་པིན་ཧྲང་ཀྲེ་གྲོང་ཁྱེར་ལའོ་ཅེ་ཅི་ཤང་ལུང་ཝང་མེའོ་གྲོང་ཚོར་ཕེབས་ཤིང་། ཞིང་ཁའི་ནང་ཕེབས་ནས་ཆུ་འབྲས་ལ་གནོད་འཚེ་ཕོག་པའི་གནས་ཚུལ་ལ་གཟིགས་པ་དང་། ཞབས་ཐང་མར་གྲོང་ཚོའི་རྒྱ་ལམ་ཐོག་ཕེབས་ནས་གཞོགས་གཉིས་ཀྱི་གཏོར་སྐྱོན་ཕོག་པའི་ཁང་པ་དང་རྨང་གཞིའི་སྒྲིག་ཆས་ཉམས་བཟོ་བསྐྱར་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་མ་ཟད། གྲོང་མིའི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བ་དང་། ཁྱིམ་གྱི་གནོད་འཚེའི་གནས་ཚུལ་དང་འཚོ་བ་འགན་སྲུང་གི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད་ཅིང་། ཚང་མས་ཆོད་སེམས་བརྟན་པོ་འཆང་བ་དང་དཀའ་ངལ་ལས་རྒྱལ་བར་བྱས་ཏེ། སྔ་ཙམ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་པ་དང་འཚོ་བ་སྔར་བས་ལེགས་སུ་འགྲོ་བ་བྱ་རྒྱུའི་ཐུགས་རེ་གནང་འདུག།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྒྱལ་ཁབ་སྤྱི་ཡོངས་ཁྲོད་ཀྱི་ཤིན་ཅང་གི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཛེས་སྡུག་ལྡན་པའི་ཤིན་ཅང་དེ་བས་འཛུགས་སྐྲུན་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་ཞུཊ་པ། ཝང་ཅུན་ཀྲེང་གིས་ཀྲུང་ཤིན་ཚོགས་པའི་སྤྱི་གཉེར་ཞི་གོ་ཧྭ་བཅས་པ་དང་བཞུགས་མོལ་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་རྒྱ༿་ཆེ༾་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།