ཟླ ༡༢ ཚེས ༡༨ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་དང་ཁྲོམ་གཞུང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་གནང་བར་ཕེབས་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད།
ཝང་ཅུན་ཀྲེང་གིས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་དུ་གཞི་རིམ་གྱི་ལས་བྱེད་པ་དང་སྤྱི་ཚོགས་ཀྱི་ལས་དོན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། གཞི་རིམ་གྱི་དྲ་མིག་པ་དུད་ཚང་དུ་བསྐྱོད་པའི་ལས་དོན་ལ་ས་གནས་ས་ཐོག་ནས་བཀོད་གཏོང་གནང་བ།
ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། རྒན་རྒོན་ཚོར་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་བསྟན་དོན།བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ནས། སྤྱི་ཡོངས་ཁྲོད་བསམ་གཞིག་དང་སྤྱི་ཡོངས་ཁྲོད་བྱ་སྤྱོད་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད་བཅས་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། རང་འགན་གཙང་སྒྲུབ་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཝང་ཅུན་ཀྲེང་གིས་བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་དུ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱ་ཐབས་དང་ལས་ཀའི་ཕན་འབྲས་སྐོར་གསན་པ་དང་འབྲེལ། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གནང་བ།
ཝང་ཅུན་ཀྲེང་གིས་བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་དུ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱ་ཐབས་དང་ལས་ཀའི་ཕན་འབྲས་སྐོར་གསན་པ་དང་འབྲེལ། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གནང་བ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ཏང་གི་ལས་དོན་གྱི་སྟོབས་ཤུགས་ཀྱི་འདེགས་སྐྱོར་བརྟན་ཤོས་གཞི་རིམ་དུ་ཡོད། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་ཕྱོགས་སྟོན་བརྟན་པོར་བཙུགས་ནས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་རྒྱུན་རྣམ་ཅན་གྱི་དག་ཐེར་བྱེད་པ། གཞི་རིམ་དུ་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཆབ་སྲིད་ཀྱི་སྣེ་ཁྲིད་དང་། རྩ་འཛུགས་ཀྱི་སྐུལ་སློང་། མཐུན་སྦྱོར་སྐུལ་འདེད་སོགས་ཐད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགག་རྩའི་ནུས་པ་ཧུར་ཐག་འདོན་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་རྒྱུན་མཐུད་གཏོང་བ་དང་། གཞི་གཅིག་ཅན་དང་ཕྱོགས་བསྡུས་ཅན་གྱི་གཞི་རིམ་བཅོས་སྐྱོང་གྲངས་གཞིའི་ལས་སྟེགས་འཛུགས་པ། བོད་ཀྱི་དོན་དངོས་དང་འཚམ་ལ་སྤྱོད་གོ་ཆོད་པའི་ལས་དོན་སྒྲུབ་སྟངས་དང་ཕུགས་ཕན་ལམ་སྲོལ་ཆ་ཚང་ཞིག་འཛུགས་པ། བྱེད་པོ་ཁག་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པའི་ཧུར་སེམས་སྐུལ་སློང་བྱེད་པ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་བཏོད་དེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་མཛའ་གྲོགས་མི་སྣའི་འཐུས་མི་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྟངས་དཔྱལ་ལ་ཞལ་གྱེས་ཞུས་པ། ཝང་ཅུན་ཀྲེང་གིས་སྤྱི་བདེའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་གི་འཐུས་མི་དང་། དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་། རྒྱལ་ཡོངས་ཀྱི་ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས་ལ་བདམས་པའི་འཐུས་མི་བཅས་དང་སྤེལ་རེས་བཞུགས་མོལ་གནང་བ། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།