གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྟངས་དཔྱལ་ལ་ཞལ་གྱེས་ཞུས་པ།

སྤེལ་དུས་: 2023ལོ་12ཟླ་15ཚེས་ 15:46 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ས་གནས་དེ་གའི་དུས་ཚོད་ཟླ ༡༢ ཚེས ༡༣ ཉིན་གྱི་ཕྱི་དྲོར། ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་རང་རྒྱལ་དུ་ལོག་ཕེབས་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྐུ་ཟླ་ཝུའུ་ཧྲི་མིན་ལ་ཞལ་གྱེས་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ ༡༢ ཚེས ༡༣ ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ ༡༢ ཚེས ༡༣ ཉིན་གྱི་ཕྱི་དྲོར། ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་རང་རྒྱལ་དུ་ལོག་ཕེབས་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྐུ་ཟླ་ཝུའུ་ཧྲི་མིན་ལ་ཞལ་གྱེས་ཞུས་པ་རེད།

རོན་ཕུའུ་ཀྲུང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་རེས་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུ་གི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པའི་ཉིན་རེའི་ལས་རིམ་བསྡུས་ལ་ཕུན་སུམ་ཚོགས་པ་དང་དོན་སྙིང་ཟབ་མོ་ལྡན་འདུག ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བཅུ་གྲངས་ལ་མིང་རྟགས་བཀོད་པར་དཔང་པོ་གནང་བ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ལ་ང་ཚོས་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་གཏན་འཁེལ་ཡང་གནང་བ་དེ། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངོས་ནས་བརྗོད་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་ཡིན། ད་གིན་ང་ཚོས་ད་དུང་ལྷན་དུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མི་སྣ་དང་གཞོན་ནུའི་འཐུས་མི་དང་མཇལ་འཕྲད་བྱས་ཏེ། ཁོང་ཚོར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུའི་སྐུལ་ལྕག་བྱས་པ་ཡིན། ཁོང་ཚོས་ངེད་རྒྱལ་ཁབ་གཉིས་པོའི་བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་མུ་མཐུད་བསྐྱངས་ནས་ཝེ་ཀྲུང་གི་མཛའ་གྲོགས་བྱ་གཞག་རྒྱུན་འཛིན་བྱེད་པའི་ཡིད་ཆེས་ཡོད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས་ངས་འཕྲལ་མར་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུའི་གདན་འདྲེན་ཞུས་པ་ཡིན། ད་རེས་ངས་སླར་ཡང་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ་དེ་འདི་ལོའི་ཀྲུང་གོའི་ཕྱི་འབྲེལ་བྱ་བའི་མཇུག་བདེ་བླག་ངང་བསྡུ་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་ཝེ་ཏང་གཉིས་ཀྱི་འགོ་ཁྲིད་པ་སྐུ་ངོ་མས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད་བྱས་པ་ནི་ང་ཚོའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ད་རེས་འཚམས་འདྲི་བྱེད་རིང་ང་ཚོས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་སྐོར་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་ལས། ཀྲུང་ཝེའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་རྒྱུ་རེད་ལ། ཀྲུང་ཝེའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་ངེས་རེད།

ཞི་ཅིན་ཕིང་གིས། ད་རེས་འཚམས་འདྲི་བྱེད་རིང་ང་རང་ལ་དྲོ་སྐྱིད་ལྡན་པའི་ཚོར་སྣང་བྱུང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་རང་ལ་བྱུང་བའི་བག་ཆགས་ཟབ་ཤོས་ཤིག་ནི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཝེ་ཀྲུང་མཛའ་བརྩེ་མཚོ་ལས་ཟབ། བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་ཞེས་ནན་བཤད་ཡང་ཡང་གནང་བ་དེ་རེད་འདུག དེ་ནི་ཀྲུང་ཝེའི་འབྲེལ་བའི་འགོ་འཛུགས་ས་དང་གཞི་རྩ་རེད། ང་ཚོས་ལམ་བུ་དེ་དེད་ནས་མུ་མཐུད་བློ་བརྟན་འགྱུར་མེད་ངང་བསྐྱོད་ཚེ། ཀྲུང་ཝེའི་འབྲེལ་བར་འཕེལ་རྒྱས་གསར་པ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེན་པོ་ཐོབ་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྟངས་དཔྱལ་གྱིས་ངེད་སྟངས་དཔྱལ་ད་རེས་འཚམས་འདྲིར་ཡོང་བར་གུས་ལུགས་གཟབ་ཤོས་ཐོག་ནས་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་སེམས་ལ་བརྟན་པོར་ངེས་རྒྱུའང་ཡིན། ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྟབས་བསྟུན་གྱི་བྱེད་ཐབས་སྣ་ཚོགས་བརྒྱུད་མུ་མཐུད་འབྲེལ་གཏུག་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་ནན་སྟོན་གནང་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོཊ་སྐོང་འཚོཊ་བྱས་པ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་སྤྱི་བདེའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་གི་འཐུས་མི་དང་། དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་། རྒྱལ་ཡོངས་ཀྱི་ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས་ལ་བདམས་པའི་འཐུས་མི་བཅས་དང་སྤེལ་རེས་བཞུགས་མོལ་གནང་བ།