ཟླ ༦ ཚེས ༤ ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཀྲུང་ནན་ཧའེ་རུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༦ ཚེས ༤ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༦ ཚེས ༤ ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ལུའུ་ཁ་ཧྲེན་ཁོ་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྷེ་ཨུ་རུ་སུ་ནི་གྲོགས་པོ་བློས་ཐུབ་དང་རོགས་ཟླ་ཡག་པོ་ཞིག་ཡིན། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་ཡིད་ཆེས་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་འབྲེལ་བ་ཡུན་རིང་བརྟན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་ཞིང་བརྟན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་ཡོད། བྷེ་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་གཉིས་ཕན་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། བཙན་དབང་དང་། བཙན་ཤེད། ཧམ་ཤེད་བཅས་ལ་མཉམ་དུ་ངོ་རྒོལ་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ལུའུ་ཁ་ཧྲེན་ཁོ་ཡིས་གསུངས་དོན། ད་ཐེངས་ང་ཀྲུང་གོར་འཚམས་འདྲི་བྱེད་ཐེངས ༡༥ པ་དེ་ཡིན། འཚམས་འདྲི་བྱེད་ཐེངས་ཚང་མར་ཀྲུང་གོ་ཕྱོགས་ཀྱི་མཛའ་གྲོགས་ཟབ་མོ་ཚོར་གྱི་འདུག ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོར་ཚད་མཐོའི་ཡིད་ཆེས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་བཏང་ནས་ཀྲུང་གོ་དང་མཉམ་ལས་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ་དང་ཕྱོགས་རྐྱང་རིང་ལུགས་དང་བཀག་སྡོམ་གྱི་གནོན་ཤུགས་ལ་ངོ་རྒོལ་བྱས་ནས་འཛམ་གླིང་ལ་མིག་དཔེ་བཏོད་པར་བྷེ་ཨུ་རུ་སུ་ཕྱོགས་ཀྱིས་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་མོ་སི་ཁོར་ཕེབས་འབྱོར་ཟིན་པ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོཌ་པ། ཝང་ཅུན་ཀྲེང་གིས་དྲུག་གཅིག་གི་སྔ་ནུབ་ཏུ་ལོ་ཆུང་བྱིས་པར་གཟིགས་པ་དང་འཚམས་འདྲི་གནང་བ། ཝང་ཅུན་ཀྲེང་གིས་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཞེ་ལི་དང་བཞུགས་མོལ་གནང་བ།