ཝང་ཅུན་ཀྲེང་གིས་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཞེ་ལི་དང་བཞུགས་མོལ་གནང་བ།
ལིའུ་ཅང་ཚོགས་འདུར་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཞེ་ལི་ཡིས་རུ་སྣེ་ཁྲིད་པའི་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུ་ཚོཌ་པའི་སྒྱུ་རྩལ་མཁས་ཅན་གྱི་འཐུས་མི་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་བཞིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ ༥ ཚེས ༢༦ ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཞེ་ལི་ཡིས་རུ་སྣེ་ཁྲིད་པའི་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པའི་སྒྱུ་རྩལ་མཁས་ཅན་གྱི་འཐུས་མི་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཞེ་ལི་དང་བཅས་པ་ཆེད་མངགས་བོད་དུ་ཕེབས་ནས་འཚམས་འདྲིའི་འཁྲབ་སྟོན་གནང་བར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེའང་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བ་དང་གསར་གཏོད་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིག་གནས་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རིག་གནས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་ཐད་ཀར་གཞི་རིམ་དུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། མི་དམངས་ལ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱས་པར་བརྟེན། རིག་གནས་འཛུགས་སྐྱོང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཡོད། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་འཁུར་བ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རིག་རྩལ་གྱི་བརྗོད་དོན་གཙོ་བོ་གསར་རྩོམ་དང་རིག་གནས་བརྩམས་ཆོས་གསར་གཏོད་གཏིང་ཟབ་བྱས་ནས་རིག་གནས་སྟོབས་ཆེན་ཁུལ་སྐྲུན་པར་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། རང་ངོས་ཀྱི་ལེགས་ཆ་འདོན་པ། རྩ་ཆེའི་བསམ་འཆར་མང་ཙམ་འདོན་པ། བོད་ཀྱི་རིག་གནས་དྲིལ་བསྒྲགས་འོས་སྦྱོར་དང་རིག་རྩལ་གསར་རྩོམ་དང་། རིག་གནས་དམངས་ཕན། ཤེས་ལྡན་པ་གསོ་སྐྱོང་སོགས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་དེ་བས་མང་པོ་བྱེད་པ་དང་། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ལུགས་མངོན་པ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་གྱི་བྱེད་ཐབས་སྤྱད་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་མངོན་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་དར་སྤེལ་གཏོང་བ་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། སྒྱུ་རྩལ་པ་རྣམ་པས་བོད་ཀྱི་ཕྱོགས་གང་སར་མང་ཙམ་གཟིགས་ཏེ་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཚོར་བར་བྱས་ཏེ་བོད་ལྗོངས་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་བྱེད་པ་དང་། བོད་ཀྱི་ས་གཞི་རིག་རྩལ་གསར་རྩོམ་གྱི་རྟེན་གཞིར་བྱེད་པ། དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། ཚ་ཚ་འུར་འུར་གྱི་འཚོ་བ་དང་འབྲེལ་འདྲིས། བོད་ཀྱི་ཁྱད་ཆོས་མངོན་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་བསམ་པའི་ཉམས་འགྱུར་མངོན་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཞེ་ལི་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུའི་ཚོགས་པས་བོད་དུ་འཁྲབ་སྟོན་བྱས་པའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་རིག་རྩལ་གྱི་བོད་སྐྱོར་མཉམ་ལས་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ལེགས་ཆ་གང་ལེགས་འདོན་པ། རིག་གནས་དམངས་ཕན་དང་ཤེས་ལྡན་པ་གསོ་སྐྱོང་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཚོན་པའི་རྩེར་སོན་གྱི་བརྩམས་ཆོས་ཁག་གཅིག་གསར་རྩོམ་སྒྲིག་འཛུགས་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྥུ་ཏན་སློབ་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་གིས་ཧོ་ནན་དུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།