གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་གནང་བར་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

སྤེལ་དུས་: 2020ལོ་04ཟླ་26ཚེས་ 10:17 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་གནང་སྐབས། སྔ་རྗེས་སུ་ཧྲང་ལོ་དང་། ཨན་ཁང་། ཞི་ཨན་སོགས་སུ་ཕེབས་ནས། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་དང་དབུལ་གྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ཐད་བརྟག་ཞིབ་གནང་བ་དང་། ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་དམ་པ་དོན་གཉེར་བྱས་ཏེ། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཆིན་ལིང་རི་ཁུལ་དུ་གནས་པའི་ཧྲང་ལོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་ཅིན་སྨི་གྲོང་ཚོ་ནི་དེ་སྔ་རྫོང་དེ་ཡོངས་སུ་སྐད་གྲགས་ཆོད་པའི་ ཧ་ཅང་དབུལ་བའི་གྲོང་ཚོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། མོག་རོ་སོགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་རིམ་བཞིན་དབུལ་གྲོལ་ཐུབ་ཡོད། དབུལ་གྲོལ་དུད་ཚང་ཤའོ་ཆིང་སུང་ནི་ས་གནས་དེ་གའི་མོག་རོའི་ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་ཐོབ་མཁན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་སྨི་གྲོང་ཚོའི་མོག་རོའི་དྲོད་ཁང་ཆེན་མོར་རྟོག་ཞིབ་གནང་སྐབས། ཁོང་ལ་འབད་བརྩོན་ཆེན་པོས་ཁྱིམ་ཚང་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་སྐུལ་མ་གནང་བས། ཁོང་གི་མོག་རོ་འདེབས་འཛུགས་ཀྱི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

ན་ནིང་སྤྱི་ཟླ ༡༠ པར། ཅིན་སྨི་གྲོང་ཚོས་དྲ་ཐོག་ཉོ་ཚོང་གི་ཐད་གཏོང་བྱེད་ཐབས་སྤྱད་དེ་ཀྲ་ཧྲུའེ་མོག་རོ་སོགས་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་འགོ་ཚུགས་པ་དང་། ཉིན་རེར་ཆ་སྙོམས་ཚོང་འགྲིག་ཚད་མངགས་ཐོ ༡༠༠ ལྷག་ཙམ་ཟིན་ཡོད། སྤྱི་ཚེས ༢༠ ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅིན་སྨི་གྲོང་ཚོའི་གསོ་སྦྱོང་ལྟེ་གནས་སུ་ཕེབས་སྐབས། དྲ་ཐོག་ནས་ཚོང་ཟོག་འཚོང་བའི་གྲ་སྒྲིག་ལས་དོན་སྤེལ་མུས་ཡིན་པའི་ལི་ཞུས་ཡིང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིས་དྲ་ཐོག་ཚོང་དོན་ལ་བརྟེན་ནས་མོག་རོའི་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་ནི་ང་ཚོས་ཐོན་ལས་ལ་རོགས་སྐྱོར་བྱེད་པ་ཞིག་ཡིན་པ་དང་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་གསུངས་གནང་བྱུང་། དེ་རྗེས་ད་དུང་མོག་རོ་ཆུང་ཆུང་། ཐོན་ལས་ཆེན་པོ་ཞེས་ཀྱང་གསུངས་གནང་བས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ལས་ཀར་ཐུགས་འཁུར་དེ་འདྲ་གནང་བ་ཤེས་དུས་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ལས་ཀ་བྱེད་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་སོང་ཞེས་གསུངས་པ་རེད།

ཨན་ཁང་གྲོང་ཁྱེར་ནི་ཆིན་པ་རི་ཁུལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་ཡོད། སྤྱི་ཚེས ༢༡ ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་ལའོ་ཤན་གྲོང་རྡལ་གྱི་གནས་སྤོས་བཀོད་སྒྲིག་སྡེ་ཁུལ་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ནས། གནས་སྤོས་དུད་ཚང་ཝང་ཤན་ཕིང་གི་ནང་མི་དང་ལྷན་དུ་གླེང་མོལ་གནང་ཡོད།

སྤྱི་ལོ ༢༠༡༥ ལོར། ཝང་ཤན་ཕིང་གི་ཁྱིམ་ཚང་རི་སྟེང་གི་ས་ཕག་ཁང་པ་ནས་སྨི་ངོས་གྲུ་མ ༡༢༠ ཡོད་པའི་ཁང་པའི་ནང་སྤོས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་གྱིས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཝང་ཤན་ཕིང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཁང་པར་སྤོས་རྗེས་འགྲོ་སོང་ག་ཚོད་ཕྱིན་མིན་བཀའ་འདྲི་གནང་བྱུང་། གནས་སྤོས་བྱས་རྗེས་ང་ཚོས་གཙོ་བོ་གྲོང་ཁྱེར་གྱི་ཨར་སྐྲུན་བྱ་ཡུལ་དུ་ལས་ཀ་བྱེད་ཀྱི་ཡོད། ལས་ཀ་བྱེད་པ་དང་ཆབས་ཅིག་ཕྲུ་གུ་སློབ་གྲྭར་སྐྱེལ་གྱི་ཡོད་པ་དང་། ང་ཚོའི་ཁྱིམ་ཚང་གི་ཡོང་འབབ་མང་དུ་སོང་བ་དང་ད་ལྟ་འཚོ་བ་ཡང་ཇེ་ཡག་ཏུ་ཕྱིན་ཡོད་ཅེས་གསུངས་པ་རེད།

ལའོ་ཤན་གྲོང་རྡལ་འཕྲོད་བསྟེན་ཁང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་གསབ་པ་དང་། གྲོང་གསེབ་དང་སྡེ་ཁུལ་སོགས་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་དགོས་ཞེས་གསུངས་གནང་ཡོད། ལའོ་ཤན་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ལི་ཞའོ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གྲོང་རྡལ་དེ་ཡོངས་སུ་སྒོ་བསྟེན་སྨན་ཁང་གིས་སྨན་རིན་མི་དགོས་པར་སྨན་སྤྲོད་པའི་སྲིད་ཇུས་དང་མཐུན་པའི་གཅོང་ནད་ཕོག་མཁན་དབུལ་ཕོངས་ནད་པ ༤༥༨ ཚང་མས་གྲོང་རྡལ་འཕྲོད་བསྟེན་ཁང་གི་བཅད་གྲངས་ནང་སྨན་རིན་མི་དགོས་པར་སྨན་ལེན་ནས་སྨན་བཅོས་བྱེད་ཆོག་པ་དང་། ལོ་རེར་སྨན་རིན་ཧ་ལམ་སྒོར ༡༢༠༠ ཙམ་སྤྲོད་དགོས་ཀྱི་མེད་པ་རེད།

ལི་ཞའོ་ཏུང་གིས། སྨན་ཁང་གིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཚོགས་པ ༥ བཙུགས་ནས། དུས་ཚིགས་རེར་ཉུང་མཐར་ཡང་སྒོ་ཁར་ཐེངས་གཅིག་བསྐྱོད་ནས་ཞབས་འདེགས་ཞུ་བའི་བྱ་ཐབས་སྤྱད་དེ། ཁོང་ཚོར་བདེ་ཐང་སློབ་གསོ་དང་། སྲིད་ཇུས་དྲིལ་བསྒྲགས། རིན་མེད་གཟུགས་པོར་བརྟག་དཔྱད། སྨན་སྐྱེལ་བ་དང་སྨན་བཅོས་བྱེད་པ་བཅས་ཀྱི་ཞབས་ཞུ་སྒྲུབ་ཀྱི་ཡོད། དེའི་ནང་ད་དུང་དུས་ཐོག་ཏུ་ས་ཆ་གཞན་དུ་ནད་བརྟག་དཔྱད་བྱེད་པར་གཏོང་རྒྱུའི་ཞབས་ཞུ་ཡང་ཚུད་ཡོད་ཅེས་བཤད་ཡོད་པ་རེད།

སྤྱི་ཚེས ༢༡ ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལའོ་ཤན་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་ཕེབས་ཡོད། ཁོང་གིས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་ཧེ་བག་ཆུང་དུ་གཏོང་བ། སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རབས་ནས་མི་རབས་བར་དབུལ་ཕོངས་སུ་གྱུར་བའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་གསུང་གནང་ཡོད། སློབ་གྲྭའི་ཟ་ཁང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་ཁོང་ཚོར་སློབ་གྲྭའི་གཙོ་གནད་ས་ཆར་དུག་སེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་འགོ་སླར་ཚུགས་དང་སློབ་ཁྲིད་སླར་གསོ་བྱེད་པར་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས་པའི་མངགས་བཅོལ་ཡང་གནང་ཡོད་པ་རེད།

ལའོ་ཤན་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་ཝུའུ་ཅིན་ཕུང་གིས། རིམས་ནད་ཐོན་རིང་། ང་ཚོས་གཙོ་བོ་དུས་ཚོད་མི་འདྲ་བ་དང་ཁུལ་དབྱེ་ནས་ཁ་ལག་བཟའ་བའི་བྱ་ཐབས་སྤྱད་པ་དང་། ཁ་ལག་བཟའ་བའི་དུས་ཚོད་སྔ་ཕྱི་ཡོད་པ་བཟོས་པ་ཡིན། ང་ཚོས་འཚོ་བཅུད་ལྡན་པའི་ཟ་མ་འཛིན་གྲྭའི་ནང་སྐྱེལ་ནས་འཚོ་བའི་དགེ་རྒན་གྱིས་སློབ་མར་ཟ་མ་སྤྲོད་དུ་བཅུག་པ་ཡིན་ཞེས་ངོ་སྤྲོད་བྱས་ཡོད་པ་རེད།

ཕིང་ལི་རྫོང་ལ་ཇ་ལོ་འདེབས་པའི་ལོ་རྒྱུས་རིང་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་བའི་ཉུས་ཝ་ཧྥང་ཧོང་ཇ་ལས་ཀྱི་དེང་རབས་དཔེ་སྟོན་གླིང་ཁུལ་གྱིས་དུད་ཚང་དབུལ་པོ ༡༠༠ ལྷག་ཙམ་ལ་ཁྲིད་སྟོན་བྱས་ཏེ་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར ༡༡༠༠ ལྷག་ཙམ་ཡོང་བ་བྱས་ཡོད། ཅང་ཅ་ཕིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལུའོ་ཤན་ཕིང་གིས། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ཇ་ལ་བརྟེན་ནས་ཕྱུག་འགྱུར་དང་། ཇ་ལ་བརྟེན་ནས་ལས་དར། དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཅེས་པའི་བླང་བྱ་གཞིར་བཟུང་། ཇ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དེ་མང་ཚོགས་ལས་ཞུགས་བརྟན་པོ་དང་ཁྱིམ་དར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་མུ་མཐུད་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གི་བླང་བྱ་ལྟར་ས་གནས་ཁག་གིས་མང་ཚོགས་ཀྱི་དཀའ་ངལ་ཤུགས་ཆེན་བསལ་བ། ཝུའུ་དབྱིང་ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་བརྟག་ཞིབ་གནང་སྐབས་རླབས་ཆེན་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་སྲ་བརྟན་དུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་མི་དམངས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བྱེད་དགོས་ཞེས་ནན་གསུང་གནང་བ། ཝུའུ་དབྱིང་ཅེས་ལ་ཀླུང་མང་པོ་བརྒྱབ་ནས་མཐའ་མཚམས་གྲོང་ཚོ་དེར་ཕེབས་པ།