གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས།

སྤེལ་དུས་: 2020ལོ་05ཟླ་25ཚེས་ 11:06 ཡོང་ཁུངས་: བོད་ལྗོངས་འཕྲིན་དྲ།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ་ལྔ་པའི་ཚེས༢༢ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ཚོགས་རར་ཕེབས་ནས་འགོ་ཚུགས་ཚོགས་འདུར་ཞུགས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཁེ་བྱང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།།

ཚོགས་ཞུགས་འཐུས་མིས་ནད་ཡམས་ཁྲོད་ཚེ་ལས་འདས་པའི་སྤུན་ཟླ་ཡོངས་ལ་མྱ་ངན་ཞུ་བཞིན་པ།

ཚོགས་ཆེན་གྱི་དགོངས་དོན་གཟབ་ནན་ངང་གསན་བཞིན་པ།

མི་དམངས་ཚོགས་ཁང་ཆེ་མོ།

བོད་ལྗོངས་ཀྱི་འཐུས་མི་ཚོགས་རར་སྐྱོད་བཞིན་པ།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཚོགས་འདུ་འཚོགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ། ཞི་ཅིན་ཕིང་གིས་ཧྲན་ཞིར་རྟོག་ཞིབ་གནང་སྐབས་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གསུང་གནང་བ། ཞི་ཅིན་ཕིང་གིས་སྨན་གཡོག་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་གནང་བ།