གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་བགྲོ་གླེང་ཚོཊ་འདུ་འདིར་འཕྲིན་ཡིག་བཏང་གནང་འདུག

སྤེལ་དུས་: 2020ལོ་10ཟླ་15ཚེས་ 10:53 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་དབུལ་སྒྲོལ་དང་སྲིད་ཏང་གི་འགན་འཁྲི་ཞེས་པའི་རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༡༠ ཚེས ༡༢ ཉིན། དབུལ་སྒྲོལ་དང་སྲིད་ཏང་གི་འགན་འཁྲིའི་རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་དང་རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཉིན་མོ་འཆར་ལ་ཉེ་བའི་མཚམས་འདིར། དབུལ་ཕོངས་ལས་སྒྲོལ་བ་དང་སྲིད་ཏང་གི་འགན་འཁྲིའི་རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དེ་རིང་ཧྥུའུ་ཀྲོའུ་རུ་འགོ་ཚུགས་ཤིང་། ང་རང་ནས་ཚོགས་འདུ་འདི་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་བྱེད་པ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་གི་ལས་འགན་གལ་ཆེན་ཡང་ཡིན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུའི་བླང་བྱ་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བའི་གཙོ་གནད་ལས་འགན་ཞིག་ཏུ་བརྩིས་ནས། བཀོད་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཁྱོན་ཡོངས་ནས་བརྒྱབ་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་རྒྱུ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་ང་ཚོར་ཡིད་ཆེས་དང་ནུས་པ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལོ ༡༠ སྔ་སྣུར་དུ་མངོན་འགྱུར་བྱུང་ནས། ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཚང་མར་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་བྱ་གཞག་ལེགས་གྲུབ་ཐུབ་རྒྱུ་རེད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་མདུན་དུ་འཕྲད་པའི་དཀའ་ངལ་དང་འགྲན་རྩོད་ནི་སྔར་བཞིན་ཧ་ཅང་ཛ་དྲག་ཆེ་བ་ཞིག་རེད། རྒྱལ་ཁབ་ཁག་གི་སྲིད་ཏང་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ། ཕྱོགས་མང་རིང་ལུགས་རྒྱུནའཁྱོངས་བྱེད་པ། ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས། གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཚོགས་ཞུགས་སྐུ་མགྲོན་ཚོས་ཉམས་མྱོང་སྤེལ་རེས་དང་། ཆོས་ཉིད་ལ་ཕྱོགས་སྡོམ་བྱེད་པ་བརྒྱུད། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཕོངས་ལས་རྣམ་པར་རྒྱལ་བའི་སེམས་ཤུགས་འཕེལ་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དམིགས་ཚད་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།

དབུལ་ཕོངས་ལས་སྒྲོལ་བ་དང་སྲིད་ཏང་གི་འགན་འཁྲིའི་རྒྱལ་སྤྱིའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཧྥུའུ་ཅན་ཞིང་ཨུད་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད། ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་ཡང་དང་། ན་སྨི་པི་ཡ་བའི་ཙུའུ་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཀེན་ཀོ་པུའུ། ཙམ་པབ་ཝེའི་ཨ་ཧྥེ་རི་ཁའི་མི་རིགས་མནའ་འབྲེལ་རྒྱལ་གཅེས་འཐབ་ཕྱོགས་ཀྱི་ཀྲུའུ་ཞི་དང་ཧྲུའུ་ཅི་ཨང་དང་པོ་གཅིག་ལྕོགས་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ། ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལས་འགུལ་གྱི་སྲོལ་གཏོད་པ། ཙུང་ཐུང་ཐུའུ་ཝ་ཏེ་ལ། མ་ལ་ཝེ་ཚོགས་ཆེན་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཁྲ་ཁེ་ཝེ་ལ། ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི། སུའུ་རི་ནན་ཡར་ཐོན་སྒྱུར་བཅོས་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཏན་ཏོ་ཅེ་སོགས་ཀྱིས་ཡིག་ཐོག་གམ་ཡང་ན་བརྙན་ལམ་བརྒྱུད་རྟེན་འབྲེལ་ཞུས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། རྒྱལ་ཁབ་ཁག་གི་སྲིད་ཏང་གིས་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱེད་པ། རྒྱལ་སྤྱིའི་དབུལ་ཕོངས་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། རྒྱལ་ཁབ ༡༠༠ ལྷག་ཙམ་ནས་ཕེབས་པའི་སྲིད་ཏང་གི་འཐུས་མི་དང་ཀྲུང་གོར་བཅའ་སྡོད་ཕོ་ཉ། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་ཚན་པའི་འཐུས་མི། ཀྲུང་གོར་བཅའ་སྡོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྨྱན་སྦྱོར་འཐུས་མི། རིག་མཛོད་མཁས་དབང་སོགས་ཀྱི་མི ༤༠༠ ཙམ་གྱིས་དྲ་ཐོག་གམ་ཡང་ན་དྲ་འོག་རྣམ་པའི་ཐོག་ནས་ཚོགས་འདུར་ཞུགས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོཊ་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བདམས་བསྒྲིཊ་བཀྲམ་པ། ཞི་ཅིན་ཕིང་ནས་གནའ་རྫས་རྟོག་ཞིབ་རིག་པའི་ཐད་འདི་ལྟར་གསུངས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་བ།