ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གསུམ་པའི་ཐོག ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་འགྱིང་ཉམས་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་འཛུགས་སྐྱོང་བྱས་ནས། ལོ་རྒྱུས་ཡུན་རིང་ལྡན་པ་དང་མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་ཤེས་དཔལ་ལ་ངོས་འཛིན་སྔར་ལས་ལྷག་པ་བྱེད་དགོས་ཞེས་ནན་སྟོན་གནང་བ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༩ ཚེས ༢༨ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་གསར་རྙེད་དང་དེའི་དོན་སྙིང་ཆེད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གསུམ་པ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དེང་གི་ཀྲུང་གོར་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་འབྱུང་བཞིན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ལག་ལེན་གསར་གཏོད་རླབས་ཆེན་ཡང་བྱེད་མུས་ཡིན། ང་ཚོའི་ལག་ལེན་གསར་གཏོད་དེ་ངེས་པར་དུ་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཐོག་འཇོག་དགོས་པ་དང་། ངེས་པར་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་ཐོག་སྐྱོད་དགོས། གནའ་རྫས་རྟོག་ཞིབ་ཀྱི་ལས་ཀར་མཐོང་ཆེན་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་འགྱིང་ཉམས་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་འཛུགས་སྐྱོང་ཧུར་ཐག་བྱས་ནས། ལོ་རྒྱུས་ཡུན་རིང་ལྡན་ཞིང་མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་ཤེས་དཔལ་ལ་ངོས་འཛིན་སྔར་ལས་ལྷག་པ་བྱེད་དགོས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་རིག་གནས་ཀྱི་བློ་སྤོབས་ཆེ་རུ་གཏོང་ཆེད་འདེགས་སྐྱོར་བརྟན་པོ་བྱ་དགོས་ཞེས་ནན་སྟོན་གནང་བ་རེད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ཀྲུང་ཧྭ་ཤེས་དཔལ་ཁུངས་འཚོལ་འདུ་འགོད། གནའ་དཔྱད་ཀྲུང་གོའི་རྣམ་གྲངས་གལ་ཆེན་གྱི་རིགས་གཅིག་མཁས་ཅན་ཁྲེན་ཤིན་ཚན་ནས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་དང་། བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།
ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཡོད། ཁོང་གིས། གནའ་རྫས་རྟོག་ཞིབ་ལས་དོན་ནི་རིག་གནས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལས་དོན་ཞིག་ཀྱང་རེད། གནའ་རྫས་རྟོག་ཞིབ་ལས་དོན་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་འགྲེམས་སྟོན་དང་གཏོད་པའི་ལས་དོན་གལ་ཆེན་ཞིག་རེད། ལོ་རྒྱུས་ལ་ངོས་འཛིན་བྱ་རྒྱུ་དེ་གནའ་རྫས་རྟོག་ཞིབ་རིག་པ་དང་ཁ་བྲལ་ཐབས་མེད། ལོ་རྒྱུས་རིག་གནས་ཤུལ་བཞག་གིས་གསོན་ཉམས་ལྡན་པའི་ངང་འདས་ཟིན་པར་ཞིབ་བརྗོད་བྱས་པ་མ་ཟད། དེང་སྐབས་དང་མ་འོངས་པར་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད། དེ་ང་ཚོར་དབང་བ་མ་ཟད་ཕ་ཚ་བུ་རྒྱུད་ལའང་དབང་བས། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་རྒྱུ་ནི་ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ་ཞིག་ཡིན། ང་ཚོས་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀ་དང་ལོ་རྒྱུས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། རྟེན་རྫས་བཤམས་མཛོད་ཁང་ནང་ཉར་ཚགས་བྱས་པའི་རིག་དངོས་དང་། ས་གཞི་ཆེན་པོའི་ཐོག་བཤམས་པའི་ཤུལ་དངོས། གནའ་གཞུང་ནང་བྲིས་པའི་ཡི་གེ་བཅས་ཚང་མ་བེད་སྤྱོད་ཐུབ་པ་བྱས་ཐོག སྤྱི་ཚོགས་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་འཚོ་བཅུད་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། གནའ་རྫས་རྟོག་ཞིབ་པས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་སྟེ། ལོ་རྒྱུས་རིང་དུ་བཏང་བ་དང་། ལོ་རྒྱུས་ཀྱི་ཡིད་རྟོན་རུང་ཤུགས་ཆེ་རུ་ཕྱིན་པ། ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ། འདས་དོན་གསོན་རྗེན་དུ་མངོན་ཡོད། གནའ་རྫས་འཚོལ་བཤེར་ལས་དོན་གྱིས་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་འཕེལ་མངོན་ཡོད་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་ངོ་མཚར་ཆེ་བའི་གྲུབ་འབྲས་མངོན་པ། ཀྲུང་ཧྭ་ཤེས་དཔལ་གྱིས་འཛམ་གླིང་ཤེས་དཔལ་ལ་ལེགས་སྐྱེས་ཕུལ་བ་བཅས་མངོན་ཡོད། དུས་ཡུན་རིང་པོའི་ནང་། ཀྲུང་ཧྭ་ཤེས་དཔལ་གྱིས་འཛམ་གླིང་ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་བཟང་ཆ་གསབ་རེས་དང་། ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་ནས། འཛམ་གླིང་ལ་བསམ་བློའི་མ་ལག་ཟབ་པོ་དང་། ཚན་རྩལ་དང་རིག་གནས་སྒྱུ་རྩལ་ཐད་ཀྱི་གྲུབ་འབྲས་སྣ་ཚོགས། ཐུན་མོང་མ་ཡིན་པའི་ལམ་ལུགས་གསར་གཏོད་བཅས་ལེགས་སྐྱེས་ཕུལ་བས། འཛམ་གླིང་ཤེས་དཔལ་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས་གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ཞིབ་འཇུག་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ཐད་བླང་བྱ་དོན་ཚན་ཁག་བཞི་བཏོན་གནང་ཡོད། དང་པོ། མུ་མཐུད་མ་འོངས་འཚོལ་ཞིབ་དང་། འབྱུང་གཞི་མཐིལ་རྟོལ་བྱེད་དགོས། རང་རྒྱལ་གྱི་གནའ་བོའི་ལོ་རྒྱུས་ཞིབ་འཇུག་ཐད་ད་དུང་ཞིབ་འཇུག་གི་སྟོང་ཆ་མང་པོ་ལྷག་ཡོད་པས། གནའ་རྫས་རྟོག་ཞིབ་གྱི་ལས་འགན་ལྕི་ལ་ཞིབ་འཇུག་གི་ལམ་ཐག་ཧ་ཅང་རིང་པོ་ཡོད། ཀྲུང་ཧྭ་ཡི་ཤེས་དཔལ་འབྱུང་ཁུངས་དང་དུས་རབས་སྔ་མའི་གོང་འཕེལ་གྱི་ཕྱོགས་བསྡུས་ཞིབ་འཇུག་དང་། ཀྲུང་གོའི་གནའ་རྫས་རྟོག་ཞིབ་སོགས་རྣམ་གྲངས་གལ་ཆེན་ལག་བསྟར་ཡག་པོ་བྱེད་པ་དང་། གནའ་རྫས་ཐོན་ཁུངས་བརྟག་དཔྱད་དང་སྲིད་ཇུས་དགོས་མཁོའི་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ། གནའ་རྫས་རྟོག་ཞིབ་ལས་ཀའི་འཆར་འགོད་ཆུ་ཚད་མཐོ་རུ་གཏོང་དགོས། ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་ཁག་གཅིག་ལ་གཞིགས་ཏེ་སྤྱིའི་འཆར་འགོད་ཡག་པོ་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དཀའ་གནད་སེལ་ཏེ། འགག་སྒྲོལ་གསར་པ་ཟམ་མི་ཆད་པ་ཡོང་བ་བྱེད་དགོས། གཉིས་པ་ནི་གནའ་རྫས་གྲུབ་འབྲས་སྔོག་འདོན་དང་། ལེགས་སྒྲིག གསལ་འགྲེལ་བཅས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། གནའ་རྫས་ལས་རིགས་ཀྱིས་དཔལ་འབྱོར་དང་། ཁྲིམས་ལུགས། ཆབ་སྲིད། རིག་གནས། སྤྱི་ཚོགས། འབྱུང་ཁམས། ཚན་རྩལ། གསོ་རིག་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་མི་སྣ་དང་མཉམ་ལས་བྱས་ཏེ། ས་འོག་ནས་ཐོན་པའི་རིག་དངོས་དང་གནའ་ཤུལ་ལ་ཞིབ་འཇུག་དང་གསལ་འགྲེལ་ཡག་པོ་བྱེད་པ་དང་། རང་རྒྱལ་གྱི་ཤེས་དཔལ་འབྱུང་འཕེལ་དང་དེ་བཞིན་ཀྲུང་ཧྭ་ཤེས་དཔལ་གྱིས་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་དེ་བས་ཁ་གསལ་བ་དང་དེ་བས་ཆ་ཚང་བའི་གསལ་འགྲེལ་བྱས་ནས་ལོ་རྒྱུས་ལ་བརྟེན་ནས་འགྲོ་བ་མི་ལ་སློབ་གསོ་རྒྱག་པའི་ནུས་པ་ཐོན་པ་བྱེད་དགོས། གསུམ་པ་ནི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབ་དགོས། གནའ་བོའི་ཤུལ་རྙིང་དང་ལོ་རྒྱུས་རིག་དངོས་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་པས། ངེས་པར་དུ་དེར་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་དགོས། ལོ་རྒྱུས་རིག་གནས་ཤུལ་རྫས་ཀྱི་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ། གནས་སྤོ་བྱེད་མི་ཐུབ་པའི་རིག་དངོས་ཀྱི་སྲུང་སྐྱོབ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ལོ་རྒྱུས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ནུས་པ་ཆེ་རུ་གཏོང་བ། རིག་དངོས་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱེད་དགོས། བཞི་པ་ནི་གནའ་རྫས་རྟོག་ཞིབ་ཀྱི་ནུས་པ་འཛུགས་སྐྱོང་དང་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་དགོས། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། གཞུང་ལུགས་འཚོལ་ཞིབ་ཟབ་ཏུ་གཏོང་བ། ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པས་རྒྱལ་སྤྱིའི་གནའ་རྫས་རྟོག་ཞིབ་རིག་པའི་ཁྱབ་ཁོངས་ནང་གི་ཤུགས་རྐྱེན་ཐེབས་ཤུགས་དང་། སྐད་ཆ་བཤད་དབང་ཆེ་རུ་གཏོང་དགོས། གནའ་རྫས་རྟོག་ཞིབ་ཀྱི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། གཞོན་ནུ་དེ་བས་མང་བ་གནའ་རྫས་རྟོག་ཞིབ་ཀྱི་བྱ་གཞག་ནང་ཞུགས་རྒྱུར་བློ་འགུག་བྱས་ནས་གནའ་རྫས་རྟོག་ཞིབ་བྱ་གཞག་ལ་རྗེས་འཛིན་པ་གསོ་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ཀྲུང་ཧྭ་མི་རིགས་ལ་རླབས་ཆེའི་མི་རིགས་ཀྱི་སྙིང་སྟོབས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བྱུང་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་མ་ཉམས་པ་དང་། ཡུན་རིང་དར་ཞིང་རྒྱས་པའི་རིག་གནས་ཀྱི་གཞི་རྩ་རེད་ལ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཀྱང་ཡིན་པས། དོན་དངོས་གསར་པ་དང་ཟུང་འབྲེལ་གྱིས་དེ་བས་དར་སྤེལ་གཏོང་དགོས། ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད་དེ་གནའ་རྫས་གྲུབ་འབྲས་དང་ལོ་རྒྱུས་ཀྱི་ཞིབ་འཇུག་གྲུབ་འབྲས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭའི་ཤེས་དཔལ་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་རྒྱུས་མངའ་ལོན་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་གོང་འཕེལ་གྱི་ལོ་རྒྱུས་འཕེལ་རིམ་ལ་རྒྱུས་མངའ་ལོན་པ་བཅས་བྱས་ཏེ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་དང་མི་རིགས་ཀྱི་སྤོབས་སེམས་རྒྱུན་མཐུད་ཤུགས་ཆེར་གཏོང་དགོས། རང་རྒྱལ་གྱི་གནའ་རྫས་གྲུབ་འབྲས་དང་ལོ་རྒྱུས་ཀྱི་ཞིབ་འཇུག་གྲུབ་འབྲས་བེད་སྤྱོད་བྱེད་པ་དང་། སྤེལ་རེས་ཞིབ་བསྡུར་སོགས་ཀྱི་བྱ་ཐབས་བརྒྱུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྣ་མང་ཕུན་སུམ་ཚོགས་ཤིང་རྒྱ་ཆེ་གཏིང་ཟབ་ཀྱི་ཀྲུང་ཧྭའི་ཤེས་དཔལ་དྲིལ་བསྒྲགས་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་འོད་སྟོང་འབར་བའི་གྲུབ་འབྲས་དང་མིའི་རིགས་ཀྱི་ཤེས་དཔལ་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་དེ་དག་གསལ་པོ་དང་ཡག་པོ་བརྗོད་པ། འཛམ་གླིང་ནས་ཀྲུང་གོའི་ལོ་རྒྱུས་ལ་ཤེས་རྟོགས་དང་ཀྲུང་ཧྭ་མི་རིགས་ལ་ཤེས་རྟོགས་ཐུབ་པ་བྱེད་པ་བཅས་བྱས་ཏེ་དེང་གི་ཀྲུང་གོར་ངོས་འཛིན་ཐུབ་ཚད་དང་བསམ་ཤེས་ཐུབ་ཚད་ཤུགས་ཆེར་གཏོང་བ་དང་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཅིག་གཏོད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་པོ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་གནའ་རྫས་རྟོག་ཞིབ་ལས་དོན་པར་གཅེས་སྐྱོང་དང་དོ་ཁུར་བྱས་ཏེ། ཁོང་ཚོར་མི་ཤུགས་དང་དངོས་ཤུགས། ནོར་ཤུགས་སོགས་ཀྱི་རྒྱབ་སྐྱོར་ཧུར་ཐག་ཞུས་ཁར་གནའ་རྫས་བྱ་གཞག་དང་། རིག་དངོས་སྲུང་སྐྱོབ། ལོ་རྒྱུས་ཞིབ་འཇུག་བཅས་ལ་མཐུན་རྐྱེན་ཡག་པོ་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད། །