གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཚོགས་འདུ་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ།

སྤེལ་དུས་: 2020ལོ་12ཟླ་01ཚེས་ 15:49 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་ཏེ་དམག་དཔུང་གི་ཆབ་སྲིད་ལས་དོན་སྲོལ་ཡིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག་བཅས་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤྱི་ཟླ ༡༡ པའི་ཚེས ༣༠ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་ཏེ། དམག་དཔུང་གི་ཆབ་སྲིད་ལས་དོན་སྲོལ་ཡིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག་བཅས་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

གྲོས་ཚོགས་ཐོག་ཆབ་སྲིད་ལས་དོན་ནི་མི་དམངས་དམག་དཔུང་གི་སྲོག་རྩ་ལྟ་བུ་ཡིན་པས་དེར་ཤུགས་སྣོན་རྒྱག་པ་ལས་ཤུགས་ཆུང་དུ་གཏོང་མི་རུང་། དམག་དཔུང་གི་ཆབ་སྲིད་ལས་དོན་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེས་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ། དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། ཏང་གིས་དམག་དཔུང་གི་ཆབ་སྲིད་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རབས་གསར་པར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། རང་དམག་འདི་ཉིད་སྔ་བར་ཕྱི་གསུམ་དུ་ཏང་གི་ལྟོས་མེད་འགོ་ཁྲིད་བྱེད་པའི་མི་དམངས་དམག་དཔུང་ལ་འགྱུར་རྒྱུར་འགན་ལེན་དང་། དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ལག་བསྟར་ནུས་ལྡན་བྱ་རྒྱུར་འགན་ལེན་བྱེད་པ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེའི་དམིགས་འབེན་མངོན་འགྱུར་དང་། མི་དམངས་དམག་དཔུང་དེ་ཁྱོན་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

གྲོས་ཚོགས་ཐོག་ཏང་གིས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས་པ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་པ་དང་མི་སྣ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བློ་དཀར་སེམས་དཀར་དང་། དྭངས་གཙང་ལྷད་མེད། རྦད་དེ་བློས་འགེལ་ཆོག་པ་བཅས་ཡོང་རྒྱུར་འགན་ལེན་བྱ་དགོས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ལས་དོན་ལ་འགོ་ཁྲིད་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ། ཆབ་སྲིད་ལས་དོན་ཁག་དོན་འཁྱོལ་ནུས་ལྡན་བྱས་ནས་དམག་དཔུང་གི་ཆབ་སྲིད་ལས་དོན་རྣམ་པ་གསར་པ་གཏོད་རྒྱུར་འགན་ལེན་བྱ་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་གྲབས་དམག་འཐབ་ལ་དོ་ཁུར་བྱེད་པ་དང་། ཆབ་སྲིད་ལས་དོན་དེ་དམག་འཐབ་ནུས་པའི་འཛུགས་སྐྱོང་གི་ལྷུ་ཚིགས་ཁག་ལ་དོན་འཁྱོལ་ཐུབ་པ་དང་། དམག་དོན་འཐབ་རྩོད་ལ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ། འགྱུར་མེད་བྱ་ཐབས་ལ་བརྟེན་ནས་དམག་འཐབ་ནུས་པའི་ཚད་གཞི་དེ་དམག་ཡོངས་སུ་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ལས་དོན་གྱི་རྩ་བའི་རྩ་དོན་དང་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས་པ་དང་། ཆབ་སྲིད་ལས་དོན་གྱི་བསམ་བློའི་འདུ་ཤེས་དང་། འཁོར་རྒྱུག་བྱ་ཐབས། མཛུབ་སྟོན་བྱེད་སྟངས། བྱ་ཐབས་དང་ཐབས་ལམ་བཅས་གསར་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཆབ་སྲིད་ལས་དོན་གྱི་སྲོལ་རྒྱུན་བཟང་ཆ་དང་ཆ་འཕྲིན་ལག་རྩལ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་མཐུད་དྭངས་གཙང་ཡོང་བ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས་པའི་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག་ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་དང་འཐབ་ཕྱོགས་ལས་དོན་ཐད་སྔར་ནས་ད་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག་ལ་བཟོ་བཅོས་བྱས་པ་ནི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ལ་དམིགས་པ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་དགོངས་པ་སྲ་བརྟན་དང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཡིན་ལ། དུས་རབས་གསར་པར་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ལྡོག་མེད་བླང་བྱ་ཡང་ཡིན་ཞེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག ཏང་གིས་འཐབ་ཕྱོགས་གཅིག་འགྱུར་ལས་དོན་ལ་གཅིག་སྡུད་གཅིག་འགྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ཡོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྒྲུབ་པའི་རྣམ་པ་ཆགས་པ་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲོལ་ཡིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་རིགས་གཞུང་བྱེད་ཕྱོགས་སྲིད་ཇུས་སྒོ་ཀུན་ནས་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ། རང་ས་ཁུལ་དང་རང་ཚན་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འཆར་འགོད་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པ། མཐུན་སྒྲིལ་བྱ་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་བྱེད་པ་དང་སྐུལ་སློང་བྱ་ཐུབ་པའི་རྒྱུ་རྐྱེན་བཟང་པོ་ཡོད་ཚད་སྐུལ་སློང་བཅས་བྱས་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་ལས་དོན་རྒྱུན་མཐུད་བརྟན་པོ་དང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ཡོན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་ཏང་ཡོན་གྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། ཏང་ཡོན་གྱིས་ཏང་ནང་ཁུལ་གྱི་བྱ་དོན་ལ་ཐེ་ཞུགས་བྱེད་སེམས་སྐུལ་སྤེལ་བྱ་རྒྱུ་ནན་སྟོན་བྱས་པ། ཏང་ནང་ཁུལ་གྱི་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པས། ཏང་ཡོན་གྱི་ཁེ་དབང་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཕན་འབྲས་ཆེན་པོ་ཐོན་ཡོད། དུས་བབ་དང་བསྟུན་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་པས་ང་ཚོའི་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་བཟང་ཆ་གང་ལེགས་མངོན་རྒྱུར་ཕན་ཐོགས་ཡོད་ལ། ཏང་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་གྱིས་ཏང་ཡོངས་ཀྱི་ཏང་ཡོན་རྣམས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་ཐུབ་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་མཉམ་དུ་འབད་འཐབ་བྱེད་ཐུབ་ཅེས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག རྒྱ་ཆེའི་ཏང་ཡོན་གྱིས་འོས་འགན་དང་ཁེ་དབང་། འགན་འཁྲི་དང་འགན་སེམས། དབང་ཆ་བེད་སྤྱོད་དང་སྒྲིག་ཁྲིམས་ལ་སྲུང་བརྩི་བཅས་བྱེད་པའི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བར་ངོས་འཛིན་ཡང་དག་དང་ཐག་གཅོད་ཡང་དག་ཐུབ་པ་བྱ་དགོས། ཏང་ཡོན་གྱིས་དབང་ཆ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་འོས་འགན་འཁུར་བ་དང་། འགན་འཁྲི་འཁུར་བ། སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུ་སྔོན་འགྲོར་འཇོག་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྲོལ་ཡིག་ལག་བསྟར་བྱེད་པའི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། སློབ་སྦྱོང་དྲིལ་བསྒྲགས་བྱ་རྒྱུར་དམ་འཛིན། རྒྱུན་གཏན་རང་བཞིན་གྱི་ཏང་ཡོན་གྱི་འོས་འགན་དང་དབང་ཆའི་སྐོར་གྱི་སློབ་གསོ་སྤེལ་བ། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ནན་དུ་གཏོང་བ། ལམ་ལུགས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཤུགས་ཆེར་གཏོང་བ། རིགས་ཁག་གི་འགན་སྲུང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་སྲུང་བཅས་བྱས་ནས་ཏང་ཡོན་གྱིས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་རང་རྟོགས་ངང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་སྐུལ་མ་གཏོང་དགོས། ཏང་ཡོན་གྱིས་དམངས་གཙོ་ལྟ་སྐུལ་ལས་དོན་སྤེལ་རྒྱུར་ཁྲིད་སྟོན་བྱ་དགོས་པ་དང་། དར་ཆ་གསལ་སྟོན་གྱིས་ཚུན་མིན་སྤྱོད་ཚུལ་དང་རུལ་སུངས་སྣང་ཚུལ་ལ་འཐབ་རྩོད་བྱེད་པ། ཏང་གི་རྩ་བར་གཡོ་འགུལ་ཐེབས་སྲིད་པ་དང་ཏང་གི་བྱ་གཞག་ལ་འགོག་རྐྱེན་བཟོ་སྲིད་པའི་བྱ་སྤྱོད་མཐའ་དག་དང་འཐབ་རྩོད་བྱས་ནས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་ཤིག་གཏོད་དགོས། ཕྱོགས་གསུམ་དབྱེ་བ་ཕྱེ་བའི་བླང་བྱ་དོན་འཁྱོལ་བྱ་དགོས་པ་དང་། ཏང་ཡོན་གྱིས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པ་དང་། ལས་བརྩོན་ལས་བཀུར། འགན་འཁྲི་འཁུར་ཕོད་པ་དང་བྱ་བ་ཏན་ཏིག་སྒྲུབ་པ་བཅས་བྱ་རྒྱུའི་སྐུལ་མ་གཏོང་དགོས་པ་དང་། བསྙོན་འཛུགས་དང་མ་ཉེས་ཁ་གཡོགས་ཕོག་མཁན་ལ་དུས་ཐོག་ཏུ་དག་སེལ་བྱ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགན་འཁུར་བློ་མཐུན་གཙོ་བོས་སྲོལ་ཡིག་གི་གཏན་འབེབས་ཁག་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་བྱ་དགོས་པ་དང་། གཅིག་ནས་གོང་འོག་སྣེ་ཁྲིད་བྱ་དགོས། འོས་འགན་འཁུར་བ་དང་དབང་ཆ་བེད་སྤྱོད་བྱེད་སྐབས་ཚད་གཞི་བཟོ་བ་དང་མིག་དཔེ་འདོན་དགོས། གཉིས་ནས་ཏང་ཡོན་གྱི་བྱེད་པོའི་གནས་བབ་ལ་བརྩི་སྲུང་ཞུ་བ་དང་། ཏང་ཡོན་ལས་བྱེད་པས་ཏང་གི་འཛུགས་སྐྱོང་དང་ཏང་གི་བྱ་གཞག་ནང་ཞུགས་རྒྱུའི་ཧུར་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ཐད་ཞིབ་འཇུག་གནང་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་བློ་མཐུན་རྒན་གྲས་ལ་འཕྲིན་ལན་སྤྲིངས་པ། ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ། ཞི་ཅིན་ཕིང་གིས་རང་དམག་གི་དམག་དོན་སྦྱོང་བརྡར་ཐད་འདི་འདྲ་གསུངས་པ།