གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཐཱན་ཉུང་གཏོང་ཐད་ནན་གསུང་འདི་འདྲ་གནང་འདུག

སྤེལ་དུས་: 2021ལོ་03ཟླ་16ཚེས་ 16:49 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༣ ཚེས ༡༥ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པ་གཙོ་སྐྱོང་གནང་ནས། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་གནད་དོན་ལ་སྐུལ་འདེད་དང་ཐཱན་ཚད་མཐོ་ཤོས་ཆག་པར་བྱེད་པ་དང་ཐཱན་ཚད་སྙོམ་སྦྱོར་གྱི་གཞི་རྩའི་བསམ་ཕྱོགས་དང་བྱེད་ཐབས་གཙོ་བོར་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། རང་རྒྱལ་གྱི་ལས་སྟེགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ཕུགས་ལ་དམིགས་པ་དང་། མིག་སྔར་ཕན་ཚུན་ལྟ་རྟོག ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ། གསར་གཏོད་ཀྱི་ཁོར་ཡུག་གཏོད་པ། མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བཅས་བྱས་ཏེ། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐཱན་ཚད་མཐོ་ཤོས་ཆག་པར་བྱེད་པ་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བརྒྱུད་རིམ་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན་པས། ཐཱན་ཚད་མཐོ་ཤོས་ཆག་པར་བྱེད་པ་དང་ཐཱན་ཚད་སྙོམ་སྦྱོར་བྱ་རྒྱུ་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་བཀོད་ཇུས་ནང་བཞག་སྟེ། ལྕགས་ལ་ཤུར་ཁ་ཐོན་པའི་ངར་ཤུགས་ཀྱི་ཐོག་ནས་དུས་བཀག་ལྟར ༢༠༣༠ ལོའི་གོང་དུ་ཐཱན་ཚད་མཐོ་ཤོས་ཆག་པར་བྱེད་པ་དང་ ༢༠༦༠ ལོའི་གོང་དུ་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ནན་གསུང་གནང་དོན།  ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འགྲན་རྩོད་ལེགས་ཆ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་དང་ཚད་ལྡན་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ཁོང་དུ་ཆུད་པ། ལས་སྟེགས་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་སྲོལ་ཁ་གསལ་བཟོ་བ། མཐའ་ཚད་གསལ་པོ་བཟོ་བ། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། སྒྲིག་ལམ་ཚད་ལྡན་དུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་དང་རྒྱལ་ནང་དང་རྒྱལ་སྤྱི་དེ་བས་སྤྱི་འདོམས་ཡག་པོ་བྱེད་པ། གཞུང་དྲང་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། སྒེར་སྡོམ་ལ་ངོ་རྒོལ་བཅས་བྱས་ཏེ་མ་རྩ་གོ་རིམ་མེད་པའི་ཐོག་ནས་རྒྱ་སྐྱེད་གཏོང་རྒྱུ་བཀག་འགོག་བྱེད་དགོས། ཚད་ལྡན་དང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་དམངས་ཀྱི་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་བཅོས་སྐྱོང་གི་མཉམ་ཤུགས་ཆགས་པར་བྱེད་དགོས། སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གསོན་ཤུགས་ལྡན་པ་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་ནས་རྒྱལ་སྤྱིའི་ལག་རྩལ་སྤེལ་རེས་དང་ཞིབ་སྤེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གཡོ་མགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་མཐའ་འཁྱོངས་བྱས་ཏེ་ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན།  སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སྟེགས་དཔལ་འབྱོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་སྲོལ་གྱི་སྟོང་ཆ་དང་ཞན་ཆ་དུས་ཐོག་ཏུ་སེལ་བ། གྲངས་གཞིའི་ཐོན་དབང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་སྟེགས་ཁེ་ལས་ཀྱི་གྲངས་གཞིའི་བདེ་འཇགས་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། ལྟ་འདོམས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ལྟ་འདོམས་བྱེད་སྟངས་ལེགས་སྒྲིག་བྱེད་པ། བྱ་བ་མ་སྒྲུབ་གོང་དང་། སྒྲུབ་རིང་། བསྒྲུབས་རྗེས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པ། སྒེར་སྡོམ་ལ་ངོ་རྒོལ་བྱེད་པའི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་འདོམས་ཀྱི་དབང་གྲགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། དངུལ་རྩའི་ལས་སྒོ་ཚང་མ་དངུལ་རྩའི་ལྟ་འདོམས་ནང་འཇུག་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན།  རང་རྒྱལ་གྱིས ༢༠༣༠ ལོའི་གོང་དུ་ཐཱན་ཚད་མཐོ་ཤོས་ཆག་པར་བྱེད་པ་དང་ ༢༠༦༠ ལོའི་གོང་དུ་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བསམ་བློ་ཞིབ་ཚགས་བཏང་ནས་གཏན་འཁེལ་བྱས་པའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་མུ་མཐུད་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང་འབྲེལ་བ་ཡོད། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་འབུད་ཚད་ཉུང་དུ་གཏོང་བ་དང་། སྤྱི་ཡོངས་དང་ཆ་ཤས། དུས་ཐུང་དང་དུས་འབྲིང་རིང་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་ཡོངས་ལྗང་མདོག་ཕྱོགས་སྒྱུར་གྱིས་སྣེ་ཁྲིད་བྱེད་པ། ནུས་རྒྱུ་དང་། ལྗང་མདོག ཐཱན་ཉུང་བཅས་འཕེལ་རྒྱས་གཏོང་རྒྱུ་འགག་རྩར་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་གྲུབ་ཆ་དང་། ཐོན་སྐྱེད་བྱེད་ཐབས། འཚོ་བ་སྐྱེལ་སྟངས། བར་མཐོངས་རྣམ་པ་བཅས་མགྱོགས་མྱུར་ཆགས་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། རྒྱལ་ཡོངས་སུ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་ནན་ཏུ་གཏོང་བ་བཅས་བྱས་ཏེ། ས་གནས་ཁག་གི་དོན་དངོས་ལ་གཞིགས་ནས་རིགས་དབྱེ་ཇུས་བསྟར་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན།  ཐཱན་ཚད་མཐོ་ཤོས་ཆག་པར་བྱེད་པ་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་དེ་ནི་དཀའ་ཚེགས་ཆེ་བའི་དམག་འཐབ་ཅིག་ཡིན་ལ། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ནུས་པར་ཚོད་བགམ་ཆེན་པོ་བྱེད་པ་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་ཞིབ་དཔྱད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་ཏུ་ཁུར་ནས་དམིགས་ཚད་ཡོད་པ་དང་། བྱེད་ཐབས་ཡོད་པ། ཞིབ་བཤེར་ཐུབ་པ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ཚོས་ཐཱན་འབུད་ཚད་ཀྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

འཐུས་མི་དང་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཧུར་ཐག་བྱས་པ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་གཉིས་ལ་མཚན་རྟཊ་བཀོད་པ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་བཞི་པ་ཚོགས་འདུ་མཇུག་སྒྲིལ་བ། ཞི་ཅིན་ཕིང་ནས་རྒྱལ་སྲུང་དང་དམག་དཔུང་འཛུཊ་སྐྱོང་ཐད་གལ་ཆེའི་གསུང་བཤད་གནང་བ།