གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་གོའི་བྱེད་སྟངས་འདི་ལས་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན།

སྤེལ་དུས་: 2021ལོ་04ཟླ་22ཚེས་ 17:16 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གོས་གནམ་གཤིས་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པ་དང་སྦགས་མེད་གོང་འཕེལ་གཏོང་བ་ཡིས་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གནམ་གཤིས་འགྱུར་བའི་འགྲན་རྩོད་མདུན་དུ་མིའི་རིགས་ཀྱི་ལས་དབང་གཅིག་ཏུ་འབྲེལ་ཡོད། རྒྱལ་ཁབ་ཁག་གིས་ཐུན་མོང་ཡིན་ལ་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་ནུས་པར་གཞིགས་ཐོག་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་དགོས། རང་རྒྱལ་གྱིས་སྔར་ནས་བཟུང་ཁ་གདན་ཚིག་ལ་གནས་པར་བྱེད་ཀྱི་ཡོད་ཅིང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་པ་བརྒྱུད། རང་རྒྱལ་གྱི་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ལས་དོན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཚུགས་པ་དང་བསྟུན་ནས་རང་རྒྱལ་གྱིས་ད་དུང་སྤུས་མཐོའི་གོང་འཕེལ་ཁྲོད་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཁྱོན་ཡོངས་ནས་སྦགས་མེད་ཅན་དུ་བརྗེ་སྒྱུར་ཐུབ་རྒྱུར་སྐུལ་འདེད་བཏང་ནས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

ཉིན་ཤས་རིང་། ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཆུས་སུ་ཆིང་ནུས་རྒྱུའི་གད་སྙིགས་དབོར་འདྲེན་རླངས་འཁོར ༢༠༠ རིམ་པས་ཨང་རྟགས་བསྒར་ནས་གཞུང་ལམ་ཐོག་སྐྱོད་ཡོད། རླངས་འཁོར་དེ་དག་ལ་སྒྲིག་སྦྱོར་བྱས་པའི་ཆིང་ནུས་པའི་འགུལ་ནུས་མ་ལག་ནི་ཞིབ་འཇུག་གསར་སྤེལ་བྱས་པ་ནས་ཐོན་སྐྱེད་བྱེད་པའི་བར་ཚང་མ་ས་གནས་དེ་རང་དུ་ལེགས་སྒྲུབ་བྱས་པ་ཞིག་ཡིན། ཆིང་ཏའོ་ཙམ་མ་ཡིན་པར། ཧྲན་ཏུང་ཞིང་ཆེན་གྱིས་ད་དུང་ཅི་ནན་གྲོང་ཁྱེར་ལའེ་ཝུ་ཆུས་སུ་ཞིང་ཆེན་ནང་ཁོངས་ཀྱི་ཆིང་སྣོན་ས་ཚིགས་ཆེ་ཤོས་དེ་གང་མགྱོགས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ལོར་ཆིང་ནུས་རྒྱུ་ཏུན ༧༥༠ བླུགས་ཐུབ་ཀྱི་ཡོད་པ་རེད། ཧྲན་ཏུང་ཐའེ་ཧྲན་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཧྥེ་ཏུན་གྱིས། དེ་སྔོན་ཁོང་ཚོས་ལོ་ལྟར་བཟོ་ལས་ཞོར་ཐོན་ཆིང་ཏུན་ཁྲི་ཁ་ཤས་ཐོན་གྱི་ཡོད་རུང་མང་ཆེ་བ་གློག་འདོན་རྒྱུར་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། ད་ཆ་དེ་བས་ནུས་མཐོའི་རྣམ་པའི་ཐོག་ནས་བེད་སྤྱོད་གཏོང་བཞིན་ཡོད་ཅེས་གསུངས་ཡོད།

བཟོ་ལས་བཟོ་སྐྲུན་གྱི་མཁྲེགས་ཆས་རིམ་སྤོར་བྱས་པ་ཕུད། མཉེན་ཆས་མ་ལག་ཀྱང་རྙིང་ཚབ་གསར་བརྗེ་བྱེད་བཞིན་ཡོད་པ་དང་། རང་རྒྱལ་གྱི་ཐཱན་རྒྱུ་འབུད་བཤངས་ལག་རྩལ་ཡང་རྒྱུན་མཐུད་ལེགས་སུ་གཏོང་བཞིན་ཡོད།

ཅང་སུའུ་ཧའེ་ལན་ཀྲི་ཡུན་ཚོད་འཛིན་ཁང་དུ་ལས་དོན་མི་སྣས་ཙིག་རྟགས་གནོན་པ་ཙམ་གྱིས་གཏན་ཁེལ་སྒྲིག་སྲོལ་ཅན་གྱི་བཙོག་འབུད་ཉུང་གཏོང་ཞབས་ཞུ་བྱེད་པ་བརྒྱུད་ཁེ་ལས་ཀྱི་ནུས་རྒྱུ་ཟས་གྲོན་ཆེ་བའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཀྱི་ཡོད་པ་རེད། ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཞུས་གོ་ཕིང་གིས། ལོ་དེ་ཤར་ཚུན་ཁོང་ཚོའི་རིག་སྟོབས་དྲ་བའི་ཡུན་སྟེགས་བུས་རིམ་རྩིས་བྱས་ན་ཚད་ལྡན་རྡོ་སོལ་སྤར་རྒྱུ་ཏུན་ཉིས་ཁྲི་བདུན་སྟོང་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་ཅེས་གསུངས་ཡོད།

འབྱུང་ཁམས་ཁོར་ཡུག་པུའི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིང་རྨིན་གྱིས། ཐོན་ལས་གྲུབ་གཞི་ལེགས་སྒྲིག་དང་ནུས་རྒྱུའི་གྲུབ་གཞི་ལེགས་སྒྱུར། ནུས་རྒྱུ་གྲོན་ཆུང་དང་ཕན་འབྲས་མཐོར་གཏོང་སོགས་ཀྱི་བྱ་ཐབས་རིམ་དང་རིམ་པ་ལག་ལེན་བསྟར་བ་བརྒྱུད་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་རང་རྒྱལ་གྱིས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་ཡོད།

ན་ནིང་སྤྱི་ཟླ ༩ པའི་ཚེས ༢༢ ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བདུན་ཅུ་དོན་ལྔ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་གྲོས་ཚོགས་ཐོག ཀྲུང་གོས་སྤྱི་ལོ ༢༠༣༠ ལོའི་གོང་དུ་དབྱང་གཉིས་ཐཱན་འགྱུར་འབུད་བཤངས་བྱེད་ཚད་རྩེ་གྲངས་སུ་སླེབས་པ་བྱ་རྒྱུ་དང་སྤྱི་ལོ ༢༠༦༠ ལོའི་གོང་དུ་ཐན་རྒྱུ་འབུད་བཤངས་བྱེད་ཚད་བཏང་སྙོམས་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཚུགས་པའི་ལོ་འདིར། རང་རྒྱལ་གྱིས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་གོམ་སྟབས་སྔར་བས་བརྟན་དུ་གཏོང་རྒྱུ་རེད།

ཉིན་ཤས་གོང་། རྒྱལ་ཁབ་ནུས་རྒྱུ་ཅུད་ཀྱི་འབྲེལ་ཡོད་བརྡ་ཐོའི་ནང་། སྤྱི་ལོ ༢༠༢༡ ལོར་རྒྱལ་ཡོངས་ཀྱི་རླུང་ནུས་དང་ཉི་ནུས་གློག་འདོན་ཚད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གློག་བེད་སྤྱོད་ཚད་ཁྲོད་བརྒྱ་ཆ ༡༡ ཡས་མས་ཟིན་པ་བྱ་རྒྱུ་དང་། སླད་ལོ་རེ་བཞིན་བསྡུར་གྲངས་དེ་མཐོ་རུ་བཏང་ནས་སྤྱི་ལོ ༢༠༢༥ ལོར་སླེབས་དུས་བརྒྱ་ཆ ༡༦.༥ ཡས་མས་ཟིན་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། ཐན་ཧོ་འོད་ནུས་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་པ་ཀའོ་ཅི་ཧྥན་གྱིས། ཀྲུང་གོའི་ནུས་རྒྱུ་གསར་པས་འཛམ་གླིང་ལ་དངོས་དངོས་རྗེན་རྗེན་གྱི་ལེགས་སྐྱེས་འབུལ་བཞིན་ཡོད་ཅེས་གསུངས་ཡོད།

ཐཱན་རྒྱུ་འབུད་བཤངས་བྱེད་པར་གཅིག་ནས་ལག་རྩལ་ལ་བརྟེན་དགོས་ལ་གཉིས་ནས་ཁྲོམ་རར་བརྟེན་དགོས། མིག་སྔར། ཁག་དང་པོའི་གློག་ཤུགས་ཁེ་ལས ༢༠༠༠ ལྷག་གིས་རྒྱལ་ཡོངས་ཀྱི་ཐཱན་རྒྱུ་འབུད་བཤངས་བྱེད་དབང་གི་ཐོ་འགོད་མ་ལག་ནང་ཐོ་འགོད་བྱེད་བཞིན་ཡོད་པ་དང་། རྒྱལ་ཡོངས་རང་བཞིན་གྱི་ཐཱན་རྒྱུ་འབུད་བཤངས་བྱེད་དབང་གི་ཉོ་ཚོང་ཁྲོམ་ར་ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་ཏུ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་རྒྱུ་ཡིན་པ་རེད། འབྱུང་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས། ཐཱན་རྒྱུའི་ཁྲོམ་ར་འཚོལ་ཞིབ་བྱས་པ་དེས་ཁེ་ལས་བརྗེ་སྒྱུར་རིམ་སྤོར་ཐུབ་རྒྱུར་ལྡོག་སྐུལ་བྱེད་ཐུབ་ཅེས་གསུངས་ཡོད།

འདས་ཟིན་པའི་ལོ་གཅིག་རིང་། ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་འགོས་ཁྱབ་སོང་བས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བར་བསམ་གཞིགས་སྔར་བས་ཆེ་བ་བྱེད་དགོས་བྱུང་ཡོད་ལ། འཛམ་གླིང་གི་གནམ་གཤིས་བཅོས་སྐྱོང་གི་འབྱུང་འགྱུར་ལ་དེ་བས་ཀྱང་དོ་ཁུར་ཆེན་པོ་བྱ་དགོས་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་ནིང་ལོ་མཇུག་ཏུ་འཚོགས་པའི་གནམ་གཤིས་སྤོབས་སེམས་དབུ་ཚོགས་ཐོག་གནམ་གཤིས་འགྱུར་ལྡོག་གི་འགྲན་རྩོད་མདུན་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཡིན་ཞེས་གསུངས་པ་ལྟར་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེཊ་ཐོག་འདི་སྐད་གསུངས། ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་རང་རྒྱལ་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་བ་གསར་པས་གོང་ཕུལ་ཞུས་པའི་རྒྱལ་ཡིག་བཞེས་གནང་བ། ཞི་ཅིན་ཕིང་གིས་དེང་རབས་ལས་རིགས་སློབ་གསོའི་སྐོར་བཀའ་སློབ་གནང་།