ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལས་རིགས་སློབ་གསོའི་ལས་དོན་ཐད་གལ་ཆེའི་མཛུབ་སྟོན་གནང་སྐབས།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཁྲོད་དུ་ལས་རིགས་སློབ་གསོའི་མདུན་ལམ་ཡངས་ཞིང་རྒྱ་ཆེ་བ་དང་།བྱས་ན་བྱེད་གཞི་ཆེན་པོ་ཡོད་པ་ཞིག་རེད།
དེ་ཡང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། ལས་རིགས་སློབ་གསོའི་རིགས་རྣམ་གནས་ཐིག་ལེགས་སྒྱུར་བྱེད་པ་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་བ། མི་སྣ་གསོ་སྐྱོང་བྱེད་སྟངས་དང་། སློབ་གཉེར་བྱེད་སྟངས།དོ་དམ་སྒྲིག་སྲོལ།འགན་ལེན་སྒྲིག་གཞི་སྒྱུར་བཅོས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།ལས་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གསོ་གོང་འཕེལ་བརྟན་པོ་གཏོང་བ། ཆུ་ཚད་མཐོ་བའི་ལས་རིགས་སློབ་གྲྭ་ཆེ་ཁག་དང་ཆེད་ལས་ཁག་ཅིག་འཛུགས་སྐྱོང་བྱེད་པ།ལས་རིགས་སློབ་གྲྭ་དང་སྤྱིར་བཏང་སློབ་གྲྭ་འབྲེལ་མཐུད་བྱེད་རྒྱུར་སྐུལ་འདེད་གཏོང་བ།ལས་རིགས་སློབ་གསོའི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་བ། དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་མགྱོགས་སུ་གཏོང་བ།བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་དང་།བཟོ་རྩལ་མཁས་པ། རྒྱལ་ཁབ་ཆེན་པོའི་ལག་རྩལ་བཟོ་པ་བཅས་སྔར་ལས་མང་བ་གསོ་སྐྱོང་བྱེད་དགོས།རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལམ་ལུགས་གསར་གཏོད་དང་། སྲིད་ཇུས་བཟོ་འདོན།མ་དངུལ་འཇོག་ཤུགས་བཅས་ཆེ་རུ་གཏོང་བ། ལག་ཤེས་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་། ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣའི་སྤྱི་ཚོགས་གནས་བབ་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཤེས་ལྡན་མི་སྣ་དང་རྩལ་ནུས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཁོང་གིས། ལས་རིགས་སློབ་གསོ་ནི་ལག་རྩལ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། ལས་ཞུགས་དང་ལས་གཏོད་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་བཟོ་སྐྲུན་དང་ཞབས་ཞུའི་ཆུ་ཚད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཉེ་ལམ་ལོ་ཤས་རིང་། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། ལས་རིགས་སློབ་གསོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྱོང་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ནས། ཆུ་ཚད་མཐོ་བ་དང་བང་རིམ་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་ཧུར་ཐག་སྐྲུན་དགོས། ལག་རྩལ་བསྒྱུར་བཅོས་དང་ཐོན་ལས་ལེགས་བསྒྱུར་རིམ་སྤོར་ཡོང་རྒྱུར་དམིགས་ནས་ཐོན་སྐྱེད་དང་སློབ་གསོ་ཟུང་འབྲེལ་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཞོན་ནུ་དེ་བས་མང་བས་ལས་རིགས་རྩལ་ནུས་སློབ་གསོ་དང་ལེན་བྱ་རྒྱུར་ཡིད་འགུག་བྱེད་པ་དང་། སློབ་གསོའི་འབྲེལ་ཐག་དང་ཤེས་ལྡན་མི་སྣའི་འབྲེལ་ཐག་གཉིས་དང་ཐོན་ལས་འབྲེལ་ཐག་དང་གསར་གཏོད་འབྲེལ་ཐག་གཉིས་བར་ལ་འབྲེལ་བ་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ལས་རིགས་སློབ་གྲྭའི་དགེ་རྒན་དཔུང་ཁག་དང་སློབ་གཉེར་ཆ་རྐྱེན་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སློབ་གཞི་དང་སློབ་ཁྲིད་བྱ་ཐབས་ལེགས་བསྒྱུར་དང་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སློབ་མའི་ལམ་ལུགས་འཚོལ་ཞིབ་བྱེད་པ། སློབ་མའི་ལག་ཤེས་པའི་སྙིང་སྟོབས་དང་ཡག་ཐོག་ཡག་བརྩེགས་ཀྱི་གོམས་གཤིས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ། བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་དུང་ཕྱུར་ཁ་ཤས་གསོ་སྐྱོང་ཧུར་ཐག་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས་ཞེས་བསྟན་གནང་ཡོད།
རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་ཚོགས་ཆེན་སྤྱི་ཟླ ༤ པའི་ཚེས ༡༢ ཉིན་ནས་ཚེས ༡༣ ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་གལ་ཆེའི་བཀའ་སློབ་དང་ལི་ཁེ་ཆང་གི་མཛུབ་སྟོན་རྒྱུད་བསྒྲགས་ཞུས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད། ཁོང་གིས། ལས་རིགས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རིགས་རྣམ་གནས་ཐིག་ལེགས་བསྒྱུར། དེང་རབས་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་སྐྲུན་པ་བཅས་བྱེད་དགོས། གཞི་གཅིག་ཅན་གྱི་སྒོ་ནས་འབྲིང་རིམ་ལས་རིགས་དང་། མཐོ་རིམ་ལས་རིགས། དངོས་གཞིའི་ཚན་ཁག་བཅས་ཀྱི་ལས་རིགས་སློབ་གསོའི་གསོ་སྦྱོང་མ་ལག་ཇུས་འགོད་བྱས་ཏེ་སློབ་རིགས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལས་གནས་རྩལ་ནུས་དང་། ལྟེ་བའི་ཆེད་ལས་སློབ་ཚན། རྩལ་ནུས་འགྲན་བསྡུར་ནུས་པ། མི་སྣའི་རྟོག་ཞིབ་ནུས་པ་བཅས་བཞིའི་ཕྱོགས་བསྡུས་མི་སྣ་གསོ་སྐྱོང་བྱེད་པ། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། སྣ་མང་སློབ་གཉེར་གྱི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་དང་སློབ་གྲྭ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་སྲིད་ཇུས་ཞིབ་ཕྲ་བཟོ་བ། ལས་རིགས་སློབ་གསོའི་ཁྱད་ཆོས་དང་མཐུན་པའི་གདེང་འཇོག་བྱ་ཐབས་འཚོལ་ཞིབ་བཅས་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་བ། ལས་རིགས་གོང་འཕེལ་གྱི་བགྲོད་ལམ་ཤར་བགྲོད་ཡོང་བ། ལས་རིགས་སློབ་གསོ་ཁས་ལེན་བྱེད་ཚད་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།
རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཤའོ་ཅེས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཧྲན་ཏུང་། ཅང་སུའུ། ཅང་ཞི། ཀན་སུའུ། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་། ཀྲུང་གོའི་འཁོར་རིགས་ཚོགས་པ། ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ཡོད།
ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་འཆར་གཞི་ཟུར་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱིས་སློབ་གསོའི་ལས་བགོས་འགན་གཉེར་བྱེད་མཁན་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། དེ་བཞིན་ལས་རིགས་མཐུན་ཚོགས་དང་། ཁེ་ལས། མཐོ་སློབ། ལས་རིགས་སློབ་གླིང་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་གྲོ་ཚོགས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་རང་རྒྱལ་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་བ་གསར་པས་གོང་ཕུལ་ཞུས་པའི་རྒྱལ་ཡིག་བཞེས་གནང་བ། ཞི་ཅིན་ཕིང་གིས་གློག་འཕྲིན་དང་དྲ་རྒྱའི་ཐོག་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་རོཌ་ལས་དང་དམིཌ་འཛུཌ་རོཌ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཞ་མོན་སློབ་ཆེན་བཙུགས་ནས་ལོ་ངོ་༡༠༠འཁོར་བར་རྟེན་འབྲེལ་ཞུས་པ།