ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༤ ཚེས ༢༡ ཉིན་པེ་ཅིང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་རྒན་རབས་ཚོར་འཕྲིན་ལན་སྤྲིངས་གནང་ནས། ཁོང་རྣམ་པས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པ་དང་། ངར་ལྕགས་ཐོན་ལས་གསར་གཏོད་གོང་འཕེལ་གཏོང་བ། སྦགས་མེད་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་། པེ་ཅིང་ཚན་རྩལ་སློབ་ཆེན་བཙུགས་པ་ནས་བཟུང་། རང་རྒྱལ་གྱི་ངར་ལྕགས་བཟོ་ལས་ཀྱི་གོང་འཕེལ་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་དང་། ད་ལྟ། སློབ་གྲྭ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་མཚམས་འདིར། ཁྱེད་རྣམ་པས་གཙོས་པའི་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་པ་དང་། རྒྱ་ཆེའི་སློབ་གྲྭ་གཅིག་པའི་སློབ་གྲོགས་རྣམས་ལ་རྟེན་འབྲེལ་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
ཞི་ཅིན་ཕིང་གིས། མི་རིགས་བསྐྱར་དར་ཡོང་བར་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཁྱེད་རྣམ་པས་མུ་མཐུད་དེ་གཟབ་ནན་གྱིས་སློབ་གཉེར་བྱེད་པ་དང་། བློ་མོས་སེམས་འདོད་ཀྱིས་གཞན་ལ་ཞབས་ཞུ་སྒྲུབ་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། རང་སོའི་ཁྱད་ཆོས་རྒྱུན་འཁྱོངས་དང་རྩེར་སོན་བརྩོན་ལེན་གྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། ཕུགས་བསམ་ལྡན་པ། འཇོན་ཐང་ཆེ་བ། རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་སྤྲོ་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་དང་། ངར་ལྕགས་ཐོན་ལས་གསར་གཏོད་གོང་འཕེལ་ཡོང་བ་དང་སྦགས་མེད་ཐཱན་ཉུང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་དང་བཟོ་སྐྲུན་སྟོབས་ཆེན་རྒྱལ་ཁབ་གཏོད་རྒྱུར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
པེ་ཅིང་ཚན་རྩལ་སློབ་ཆེན་ནི་སྤྱི་ལོ ༡༩༥༢ ལོར་བཙུགས་པའི་པེ་ཅིང་ངར་ལྕགས་སློབ་གླིང་ཞེས་པ་དེ་ཡིན་ཞིང་། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བཙུགས་པའི་ངར་ལྕགས་བཟོ་ལས་ཀྱི་མཐོ་སློབ་དང་པོ་དེ་རེད། ཉེ་དུས། པེ་ཅིང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་རྒན་རབས་བཅོ་ལྔས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་སྤྲིངས་ནས་སློབ་གྲྭའི་ལོ་ངོ་བདུན་ཅུ་ལྷག་གི་གོང་འཕེལ་གནས་ཚུལ་སྙན་སེང་ཞུས་པ་དང་། རང་རྒྱལ་གྱི་ངར་ལྕགས་ཐོན་ལས་སྤུས་མཐོའི་གོང་འཕེལ་ཡོང་ཆེད་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུའི་འགྱུར་མེད་ཀྱི་ཆོད་སེམས་མཚོན་པར་གནང་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་བཟོ་བོའི་སྤེལ་རེས་ཚོཊ་ཆེན་ལ་རྟེན་འབྲེལ་ཞུས་པ། ཞི་ཅིན་ཕིང་ནས་ཧའེ་ནན་ལ་རྟོག་ཞིབ་གནང་དུས་ནན་སྟོན་འདི་ལྟར་གནང་འདུག དགུན་ཨོ་ཡིས་རང་རྒྱལ་གྱི་ལུས་རྩལ་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས། པེ་ཅིང་དུ་དགུན་དུས་ཨོ་རྩལ་འགྲན་ཚོཌ་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོཌ་ཀྱི་ཕྱོཊ་བསྡོམས་གཟེངས་བསྟོད་ཚོཊ་ཆེན་འཚོག་རྒྱུ།