གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་ཅི་ལུའོ་ནས་ཕན་ཚུན་ཤིས་འཕྲིན་སྤྲིངས།

སྤེལ་དུས་: 2022ལོ་12ཟླ་27ཚེས་ 11:59 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༡༢ པའི་ཚེས༢༢ ཉིན་ནེའུ་ཙི་ལན་གྱི་སྤྱི་ཁྱབ་ཅི་ལུའོ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༥༠ འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནེའུ་ཙི་ལན་ནི་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུང་གོ་དང་ནེའུ་ཙི་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༥༠ སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ནས་ཨང་དང་པོ་མང་པོ་བཏོད་ཡོད། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ས་ཁུལ་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  ངས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། སྤྱི་ཁྱབ་ཅི་ལུའོ་དང་མཉམ་དུ་འབད་བརྩོན་བྱས་ཐོགལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཅི་ལུའོ་ཡིས། ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་ནི་ནེའུ་ཙི་ལན་གྱི་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་འབྲེལ་བའི་གྲས་ཤིག་རེད། ནེའུ་ཙི་ལན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༥༠ སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་གྱི་ཡུན་རིང་གི་འགྲོ་འོང་ལོ་རྒྱུས་ལ་མཐོང་ཆེན་བྱེད་པ་དང་།  རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་ཡོངས་ལ་བདེ་སྐྱིད་བསྐྲུན་ཐུབ་རེ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་ནས་ཀྱང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད། ལི་ཁེ་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་པོ་བྱེད་པ་དང་། ནེའུ་ཙི་ལན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཐོག ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༥༠ འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཨ་ཏེ་ཨེན་གྱིས། ནེའུ་ཙི་ལན་གྱིས་ཀྲུང་གོ་འདི་ཉིད་ས་ཁུལ་དར་རྒྱས་དང་བརྟན་ལྷིང་གི་འགག་རྩའི་ཆ་ཤས་ཤིག་ཏུ་བརྩི་གི་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་སྐབས་འདིར། ནེའུ་ཙི་ལན་གྱིས་ཀྲུང་གོ་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།  དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ།  གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ཁྲོད་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་རྒྱ་མཚོའི་ནང་དུ་གཏོར་བ། མང་ཚོཊ་ཀུན་གྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཞུས་པ། ཞི་ཅིན་ཕིང་གིས་གླེང་སྟེཊ་འདིར་ཤིས་འཕྲིན་སྤྲིངས། ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི—ཁཱ་ནེར་དང་གྲོས་མོལ་གནང་བ།