སྤྱི་ཟླ ༡༡ པའི་ཚེས ༢༩ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བཞི་པའི་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཀྱང་ཡིན། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་མདུན་དུ། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོས་འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་བརྒྱབ་པ་དང་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་མཉམ་ལས་ཀྱི་ལྡེམ་ཤུགས་ཆེན་པོ་མངོན་ཡོད་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བའི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་གསལ་འགྲེལ་བྱས་ཡོད། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་དེ་བས་དམ་ཟབ་ཀྱི་ནུས་རྒྱུའི་མཉམ་ལས་རོགས་ཟླའི་འབྲེལ་བ་གཏོད་པ་དང་། ནུས་རྒྱུ་དྭངས་གཙང་དང་གནོད་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་རྒྱལ་སྤྱིའི་ནུས་རྒྱུའི་བདེ་འཇགས་དང་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ། རྒྱལ་སྤྱིའི་ནུས་རྒྱུའི་ཁྲོམ་ར་ཡུན་རིང་སྐྱོན་བྲལ་དང་རྒྱུན་མཐུད་ངང་གོང་འཕེལ་ཡོང་རྒྱུར་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།
ཉིན་དེར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྱང་སྐབས་བཞི་པའི་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི—ཁཱ་ནེར་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ནས་ཧོ་ནན་ཨན་ཡང་གི་མེ་སྐྱོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་ཧྲའན་ཤིས་དང་ཧོ་ནན་ལ་རྟོག་ཞིབ་ཏུ་ཕེབས་འདུག ཞི་ཅིན་ཕིང་ནས་གཞོན་ནུའི་གོང་འཕེལ་གླེང་སྟེཊ་དེར་ཤིས་འཕྲིན་སྤྲིངས།