གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་ཞིང་གསུམ་ཐད་ཀྱི༼ཀློག་དེབ༽འདི་དཔར་འགྲེམས་བྱས།

སྤེལ་དུས་: 2023ལོ་04ཟླ་18ཚེས་ 11:47 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་རྩོམ་སྒྲིག་བྱས་པའི༼ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཀློག་དེབ༽དེ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་འཇོག་རྒྱུ་རྒྱུན་འཁྱོངས་གནང་ཐོག ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་སྟོབས་ཆེར་གཏོང་བར་རྒྱུན་མཐུད་སྐུལ་མ་བཏང་བ་དང་། ཞིང་ལས་དང་གྲོང་གསེབ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཐོག ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཡིན། ༼ཀློག་དེབ༽དེ་ཁྱོན་ཆེད་བསྒྲིགས་ཁག ༡༦ ལ་དབྱེ་ཡོད་ཅིང་། ཞིང་གསུམ་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་དང་འཐབ་ཇུས་ངེས་གནས། གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་གཙོ་བོ། ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་མ་ལག་སོགས་ཀྱི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཀྱི་ཐད་འགྲེལ་བཤད་བརྒྱབ་ཡོད།

༼ཀློག་དེབ༽དེ་དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་ཐད་ཀྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་དང་གཏིང་ཟབ་པ་ཆ་ཚང་བ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་བཅས་ལ་ཕན་ཐོགས་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ནན་སྟོན་གནང་དོན། ཞི་ཅིན་ཕིང་གི༼ཏང་གི་རང་ངོས་གསར་བརྗེའི་རྣམ་བཤད༽སོཊ་དཔར་འགྲེམ་བྱས། ཞི་ཅིན་ཕིང་གི་གསུང་བཤད་འདིར་ལན་ཆ་བཟང་པོ་བྱུང་འདུག ཞི་ཅིན་ཕིང་གིས་ཚོགས་འདུ་གལ་ཆེན་འདིའི་ཐོག་ནན་བཤད་འདི་འདྲ་གནང་བ།