གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཁོང་ཚོར་འཕྲིན་ལན་སྤྲིངས་ཏེ་སྐུལ་ལྕག་གནང་བ།

སྤེལ་དུས་: 2023ལོ་05ཟླ་12ཚེས་ 16:05 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་མཚོ་དམག་ཆུར་འཛུལ་དམག་གྲུའི་དཔུང་སྡེའི་དམག་གྲུ་རུ་ཁག་ག་གེ་མོ་ཞིག་གི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་ཡོད།

ཞི་ཅིན་ཕིང་གི་འཕྲིན་ལན་ནང་། འཕྲིན་ཡིག་མཐོང་སྐབས་ངས་ལོ་བཅུའི་གོང་ཁྱེད་ཚོ་དང་མཉམ་དུ་བསྐྱལ་བའི་མཛེས་སྡུག་ལྡན་པའི་ལོ་ཟླ་དྲན་བྱུང་། ཁྱེད་ཚོས་ལས་འགན་ལྕི་པོ་འཁུར་ཕོད་པ་དང་། གཞན་གྱི་སྔོན་ལ་སྐྱོད་ཕོད་པ། དཀའ་གནད་རབ་དང་རིམ་པ་ལས་སྒྲོལ་བ་བཅས་བྱས་ནས་ལས་འགན་ཁག་གཟེངས་སུ་ཐོན་པའི་སྒོ་ནས་བསྒྲུབས་པ་ཤེས་རྟོགས་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཆུར་འཛུལ་དམག་གྲུའི་དཔུང་སྡེས་མཐའ་ཡས་རྒྱ་མཚོའི་ཐོག་དམག་འཐབ་བྱེད་ཀྱི་ཡོད་པས་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན། བློ་མཐུན་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས་འགན་འཁྲི་དང་ལས་འགན་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཁྱོན་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་མཚོ་འོག་གི་ཕུལ་བྱུང་དམག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

མཚོ་དམག་ཆུར་འཛུལ་དམག་གྲུའི་དཔུང་སྡེའི་རུ་ཁག་ག་གེ་མོ་འདི་ནི་རང་རྒྱལ་གྱི་རྣམ་པ་གསར་པའི་ཆུར་འཛུལ་དམག་གྲུའི་འཐབ་འཛིང་ནུས་ཤུགས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ༢༠༡༣ ལོའི་ཟླ ༤ པར་ཞི་ཅིན་ཕིང་གིས་དམག་གྲུ་རུ་ཁག་དེའི་དཔོན་དམག་ལ་འཚམས་འདྲི་གནང་བ་དང་ཁོང་ཚོ་དང་མཉམ་དུ་གུང་ཟས་ལ་རོལ་ཞིང་སྤེལ་རེས་ཟབ་མོ་གནང་ཡོད། ལོ ༡༠ ཡི་རིང་། དམག་གྲུ་རུ་ཁག་དེས་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་ཀྱིས་དམག་གྲབས་རྒྱང་སྐྱོད་དང་། ཚོད་ལྟའི་ནང་སྦྱོང་སོགས་ལས་འགན་གལ་ཆེན་མང་པོ་ལེགས་སྒྲུབ་བྱས་པས། ཀྲུང་དབྱང་དམག་ཨུད་ཀྱིས་སྔ་རྗེས་སུ་ཁོང་ཚོར་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐེངས་གཉིས་སྤྲད་ཡོད། ཉེ་ཆར། དམག་གྲུ་རུ་ཁག་དེའི་དཔོན་དམག་ཡོངས་ཀྱིས་བརྩེ་བ་ཟབ་མོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དམག་སྦྱོང་དང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁ་ལེན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་བློ་སྤོབས་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ། ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་གྲོས་ཚོཊ་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་ནས་སློབ་ཆེན་འདིའི་སློབ་མར་འཕྲིན་ལན་སྤྲིངས། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཧྲི་མེ་དང་མཇལ་འཛོམས་གནང་བ།