གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཤེས་དཔལ་སྤེལ་རེས་མིག་ལྟོས་དང་སྐད་ཆ་ཤོད་རེས་ཚོགས་འདུ་སྐབས་གསུམ་པ་དང་འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

སྤེལ་དུས་: 2023ལོ་07ཟླ་05ཚེས་ 16:27 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༧ ཚེས ༣ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༧ ཚེས ༣ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེས་དཔལ་སྤེལ་རེས་མིག་ལྟོས་དང་སྐད་ཆ་ཤོད་རེས་ཚོགས་འདུ་སྐབས་གསུམ་པ་དང་འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་རིང་པོའི་ཁྲོད་འཛམ་གླིང་མི་རིགས་ཁག་གིས་རང་ངོས་ཀྱི་ཁྱད་ཆོས་དང་མཚོན་རྟགས་ཀྱི་ཤེས་དཔལ་བཏོད་ཡོད། ཤེས་དཔལ་མི་འདྲ་བར་འདྲ་མཉམ་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་མིག་ལྟོས་བྱས་ཏེ་མིའི་རིགས་ཀྱི་དུས་རབས་ཀྱི་དཀའ་གནད་སེལ་བ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་བསམ་བློའི་ཁྲིད་སྟོན་སྟོབས་ཆེན་ཞིག་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དོན་འཁྱོལ་བྱེད་པ། ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་དབར་གྱི་འགལ་ཟླ་སེལ་བ་དང་། ཤེས་དཔལ་མིག་ལྟོས་ལ་བརྟེན་ནས་ཤེས་དཔལ་དབར་གྱི་གདོང་གཏུག་སེལ་བ། ཤེས་དཔལ་བསྟུན་མཁས་ལ་བརྟེན་ནས་ཤེས་དཔལ་དབར་གྱི་རང་རློམ་དོར་བ་བཅས་བྱེད་པ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། རྒྱལ་ཁབ་ཁག་གིས་རྒྱ་རིག་པ་མཁས་ཅན་རྣམས་ཀྲུང་ཕྱིའི་ཤེས་དཔལ་རྟོགས་པའི་ཕོ་ཉར་བརྩིས་ཏེ་ཀྲུང་ཕྱིའི་རིག་གནས་སྤེལ་རེས་དང་། བསམ་ཤེས་ཆེར་གཏོང་། མཛའ་མཐུན་མཉམ་ལས་བཅས་ཀྱི་ཆེད་དུ་དེ་བས་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཤེས་དཔལ་སྤེལ་རེས་མིག་ལྟོས་དང་སྐད་ཆ་ཤོད་རེས་ཚོགས་འདུ་སྐབས་གསུམ་པ་དང་འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་དང་པོ་དེ་ནི་ཀྲུང་གོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཚེས ༣ ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོ་ནི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དོན་འཁྱོལ་བྱས་ཏེ་དེང་རབས་ཅན་གྱི་མདུན་ལམ་གསར་པ་མཉམ་དུ་གཏོད་ཅེས་པ་དེ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་ནས་གཞོན་ནུའི་འགན་ཁུར་བསམ་པ་སྐུལ་སློང་བྱེད་ཅེས་བསྟན། ཞི་ཅིན་ཕིང་གིས་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་སཱ་ཡཱ་སི་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་ཧོ་པེ་རུ་རྟོག་ཞིབ་གནང་བ།