གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲང་གོ་ཆིང་གིས་ཧོ་པེ་རུ་གནོད་འཚེའི་རྗེས་ཀྱི་མྱུར་སྐྱོབ་སླར་གསོ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་གནང་བ།

སྤེལ་དུས་: 2023ལོ་08ཟླ་09ཚེས་ 10:30 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། སྤྱི་ཚེས ༧ ཉིན་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་དེ་ཧོ་པེ་རུ་གནོད་འཚེའི་རྗེས་ཀྱི་མྱུར་སྐྱོབ་སླར་གསོ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་གནང་བར་ཕེབས་ཡོད།

གནོད་འཚེ་ཕོག་ཚབས་ཆེ་བའི་ཧོ་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་རུ། ཀྲང་གོ་ཆིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་བཀོད་སྒྲིག་བྱས་པའི་གནས་སྡོད་ས་ཚིགས་དང་གྲོང་མིའི་སྡེ་ཁུལ་དུ་ཕེབས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནོད་འཚེ་ཕོག་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཐུགས་ནང་བཞག་ཡོད་པ་དང་བྱམས་བརྩེའི་མཚམས་འདྲི་གནང་བའི་སྐོར་བརྒྱུད་བསྒྲགས་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཁག་གི་གནོད་འཚེ་ཕོག་པའི་གནས་ཚུལ་ཐད་ཐུགས་ཁུར་ཆེན་པོ་གནང་གི་འདུག གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་འཇགས་དུས་རྟག་དུ་ཐུགས་ལ་བཅངས་ནས་ཡོད། གནོད་འཚེའི་གནས་ཚུལ་གྱི་འགྱུར་ལྡོག་དང་རོགས་སྐྱོབ་ཀྱི་འཕེལ་རིམ་ལ་ཐུགས་ཁུར་ཆེན་པོ་གནང་བ་མ་ཟད། ཉེན་སེལ་རོགས་སྐྱོབ་དང་མྱུར་སྐྱོབ་སླར་གསོའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པ་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་འཇགས་དང་འཚོ་བའི་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ཐད་བཀའ་སློབ་ཐེངས་མང་གནང་བྱུང་། ས་གནས་ཁག་གི་འབྲེལ་ཡོད་ཕྱོགས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཙུང་ལི་ལི་ཆང་གི་བླང་བྱ་དོན་འཁྱོལ་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་དང་ཤུགས་ཆེའི་བཀོད་འདོམས་འོག ས་གནས་ཁག་གི་འབྲེལ་ཡོད་ཕྱོགས་ཚང་མས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འབྲུབ་འགོག་ཞོད་འགོག་གི་རོགས་སྐྱོབ་ལས་དོན་སྤེལ་ནས། ཉེན་ཁ་ཆེ་བའི་གནོད་འཚེར་སྔོན་ནས་ཚོད་འཛིན་དང་ཉེན་སེལ་དུས་ཐོག་ཏུ་བྱེད་དགོས། མིག་སྔར། ཧོ་པེ་ཡིས་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་དམ་པོར་འཛིན་པ་དང་ཆབས་ཅིག་བློ་རྩེ་གཅིག་ཏུ་སྒྲིལ་ནས་མྱུར་བཟོ་སླར་གསོ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ། ལྷག་པར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།

ཀྲང་གོ་ཆིང་གིས། མིག་སྔར། ཧོ་པེ་རུ་ཆུ་ལོག་རྒྱས་ཤུགས་ཆུང་དུ་ཕྱིན་པའི་མཚམས་སུ་སླེབས་ཡོད། ཆུ་ལོག་རྒྱུག་སའི་ལམ་དང་ཆུ་ལོག་གསོག་སའི་ཆུ་རགས་བརྟན་དུ་གཏོང་བ་སོགས་ལ་སྐོར་ཞིབ་དང་འགོག་ཟོན་ལྷོད་མེད་བྱེད་དགོས། ས་རྡིབ་པ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་གཉིས་པ་ཐོན་རྒྱུར་འགོག་ཟོན་བརྟན་པོ་བྱས་ནས། གཙོ་ཆེའི་རྨང་གཞིའི་སྒྲིག་ཆས་མྱུར་བཟོ་དང་སླར་གསོ་གང་མགྱོགས་བྱེད་དགོས་པ་མ་ཟད། ཁོར་ཡུག་ལ་དུག་སེལ་དང་འཕྲོན་བསྟེན་སྔོན་འགོག་ཡག་པོ་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་ངང་ཁྱིམ་དུ་སྔ་ཙམ་ལོག་ཐུབ་པ་བྱེད་དགོས། འབྲེལ་ཡོད་ཕྱོགས་ཁག་ནས་མངགས་པའི་འཕྲལ་སྒྲུབ་ཉེན་སེལ་མྱུར་སྐྱོབ་རུ་ཁག་གིས་ས་གནས་དེ་གའི་གཅིག་གྱུར་བཀོད་འདོམས་ལ་ཉན་དགོས། གནས་སྤོས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་དོན་ངོ་མའི་འགན་ལེན་བྱེད་དགོས། འཚོ་བའི་མཁོ་ཆས་ཀྱི་མཁོ་སྤྲོད་སྒྲིག་འཛུགས་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་གནོད་འཚེ་ཕོག་ཁུལ་དུ་གནོད་འཚེ་ཐོན་རྗེས་ཀྱི་བསྐྱར་སྐྲུན་འཆར་གཞིར་ཇུས་འགོད་མཛུབ་སྟོན་བྱས་ནས། ཁ་གསབ་རོགས་སྐྱོབ་ལས་དོན་སྔ་ཙམ་ནས་བསྒྲུབ་སྟེ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནོད་འཚེ་ཕོག་པའི་མང་ཚོགས་ནས་དུས་ཐོག་ཚོར་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དམངས་ཡོངས་ཀྱིས་ལུས་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། ཞི་ཅིན་ཕིང་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐེར་ཐེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་བ།