གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

དམངས་ཡོངས་ཀྱིས་ལུས་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ།

སྤེལ་དུས་: 2023ལོ་08ཟླ་09ཚེས་ 10:41 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༨ ཚེས ༨ ཉིན་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་ཐེངས ༡༥ པ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལུས་རྩལ་ནི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་སྐོང་བ་དང་མིའི་རིགས་ཀྱི་ཁྱོན་ཡོངས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་ནན་སྟོན་གནང་ཡོད། ས་གནས་ཁག་གིས་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། མང་ཚོགས་ཀྱི་སྣ་མང་ཅན་གྱི་ལུས་སྦྱོང་དགོས་མཁོ་སྐོང་བ་བཅས་ཀྱི་ཐོག་ནས། བདེ་ཐང་ཀྲུང་གོ་དང་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།

ལུས་རྩལ་གོང་འཕེལ་བཏང་ནས་དམངས་ཀྱི་གཟུགས་གཞི་ཇེ་ལེགས་སུ་གཏོང་བ་དེ་ནི་རང་རྒྱལ་གྱི་ལུས་རྩལ་ལས་དོན་གྱི་རྩ་བའི་ལས་འགན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཐོག ལུས་རྩལ་གྱིས་མིའི་ཁྱོན་ཡོངས་གོང་འཕེལ་ཁྲོད་དུ་ཐོན་པའི་ནུས་པ་གལ་ཆེན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་དགོས་པ་མ་ཟད་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་གསུངས་ཡོད།

ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་དེ་མང་ཚོགས་ཀྱི་ལུས་རྩལ་ལ་ཐུག་ཡོད། ཛ་དྲག་པའི་འགྲན་བསྡུར་དང་། སེམས་རྩ་འཁོལ་བའི་ལྟད་མོ་བ། འཁྲུག་ཆ་དོད་པའི་ཁོར་ཡུག་སོགས་ཀྱི་རྐྱེན་ལས་ཀུའེ་ཀྲོའུ་ཞིང་ཆེན་ཐའེ་ཅང་རྫོང་ཐའེ་ཕན་གྲོང་ཚོ་ཡི་གྲོང་ཚོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་དེ་དྲ་ཐོག་ཏུ་སྐད་གྲགས་ཆོད་པ་མ་ཟད། རྒྱལ་ཡོངས་ཀྱི་ས་གནས་མང་པོར་གྲོང་ཚོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་བའི་ཚ་རླབས་འཕྱུར་ཡོད། ད་ཆ། རི་གྲོང་ཆུང་ཆུང་དེས་སྒྲིག་འཛུགས་བྱས་པའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་རྒྱལ་ཡོངས་ཀྱི་གྲོང་གསེབ་ལག་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་བར་སྐུལ་མ་ཐེབས་ཡོད། ཐའེ་ཅང་རྫོང་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝེན་ཕེང་གིས། ང་ཚོའི་གྲོང་ཚོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་ཞིང་པའམ་གྲོང་གསེབ་ཀྱི་ལུས་རྩལ་འགྲན་བསྡུར་སྣ་ཚོགས་གཉེར་རྒྱུར་སྐུལ་མ་ཐེབས་ཏེ། ཟླ་བ་རེར་བྱེད་སྒོ་ཡོད་པ་དང་། དུས་ཚིགས་རེར་འགྲན་བསྡུར་ཡོད་པ། མི་ཚང་མ་ཞུགས་ཆོག་པ་བཅས་མངོན་འགྱུར་བྱུང་བས། དམངས་ཡོངས་ཀྱི་ལུས་སྦྱོང་དེ་དངོས་སུ་དར་ཁྱབ་ཆེན་པོ་ཡོང་བཞིན་ཡོད་ཅེས་གསུངས་ཡོད།

ད་ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་བརྗོད་དོན་གཙོ་བོ་ནི། དམངས་ཡོངས་ཀྱིས་ལུས་སྦྱོང་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ཞེས་པ་དེ་ཡིན་པ་དང་། ས་གནས་ཁག་གིས་མང་ཚོགས་ལ་ལུས་རྩལ་ཁང་དང་སྤྱི་པའི་ལུས་རྩལ་སྒྲིག་བཀོད་སྒོ་དབྱེ་བ་བརྒྱུད། དམངས་ཡོངས་ཀྱིང་ལུས་སྦྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གནས་པའི་གྲོང་ནུབ་ཆུས་ཀྱི་ལུས་རྩལ་སྤྱི་གླིང་དེ་ད་ལོའི་ལོ་འགོ་ནས་བཟུང་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ལུས་རྩལ་སྤྱི་གླིང་དེའི་ནང་ལུས་སྦྱོང་ཁང་དང་ཆུ་རྐྱལ་ཁང་། བྱ་སྒྲོའི་སྤོ་ལོ་ཁང་སོགས་ཡོད་ཅིང་། དུས་གཅིག་ལ་མི ༧༠༠ ལྷག་ཙམ་ལུས་སྦྱོང་ནང་ཞུགས་ཆོག་གི་ཡོད་པ་རེད།

ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ། གྲོང་ཁྱེར་དེ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་ར ༢༤༡ སྤྱི་ཚོགས་ཐོག་རིན་པ་མི་དགོས་པའམ་ཡང་ན་རིན་པ་དམའ་པོས་སྒོ་ཕྱེ་ཡོད། ཞི་ཨན་གྲོང་ཁྱེར་ལུས་རྩལ་ཅུས་ཐོན་ལས་ཁང་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལི་ཅན་ཡིང་གིས། སྲིད་གཞུང་གིས་མ་འཇོག་བྱས་ནས་བསྐྲུན་པ་དང་སྲིད་གཞུང་གི་ཁ་གསབ་ལོངས་སུ་སྤྱོད་པའི་སྤྱི་ཚོགས་ཀྱི་རྐང་རྩེད་སྤོ་ལོ་རྒྱག་ས་ལོ་ཧྲིལ་པོར་སྤྱི་ཚོགས་ལ་སྒོ་ཕྱེ་བ་དང་། གཟའ་འཁོར་རེར་སྒོ་ཕྱེ་བའི་དུས་ཚོད་ཆུ་ཚོད ༣༥ ལས་མི་ཉུང་བ། ཉིན་ལྟར་རིན་མེད་ངང་སྒོ་ཕྱེ་བའི་དུས་ཚོད་ཆུ་ཚོད ༢ ལས་མི་ཉུང་བ་བཅས་བྱས་ནས། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་ཅེས་གསུངས་ཡོད།

མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་ཆེད། དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་སླེབས་པ་དང་བསྟུན་ནས། ༢༠༢༣ ལོའི་རྒྱལ་ཡོངས་ཀྱི་སྤྱི་དམངས་ཀྱི་སྤྲོ་སྣང་ལྡན་པའི་གངས་འཁྱགས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་ཡང་དེ་དང་ཆབས་ཅིག་ཏུ་སྤེལ་བཞིན་ཡོད། ཅང་ཞི་ཀན་ཀྲོའུ་ཡི་འཁྱག་ཤུད་གློད་ཁུལ་ཞིག་གི་འགན་འཁུར་བ་ཡུས་ཞའོ་པོ་ཡིས། འགྲུལ་རྒྱུན་དེ་སྔ་དང་བསྡུར་ན་བརྒྱ་ཆ ༣༠ འཕར་ཡོད། དབྱར་གསེང་ལ་དམིགས་ཏེ་ང་ཚོས་འཁྱག་ཤུད་གློད་པའི་དབྱར་གསེང་བྱེད་སྒོ་སྤེལ་ནས། གྲོང་མིས་འཁྱག་ཤུད་གློད་པ་དང་དབྱར་གྱི་ཚ་དུག་སེལ་བར་ཡིད་འགུག་བྱས་ཡོད་ཅེས་གསུངས་ཡོད།

ལུས་རྩལ་སྟོབས་ཆེ་ན་ཀྲུང་གོ་སྟོབས་ཆེ་བ་དང་། རྒྱལ་ཁབ་དར་ན་ལུས་རྩལ་དར་ཐུབ། ༢༠༢༢ ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ལུས་རྩལ་ར་བ་ས་ཡ ༤ དང་ ༢ འབུམ ༢ ཁྲི ༧ སྟོང་ཡོད་པ་དང་། རྒྱལ་ཡོངས་སུ་མི་རེར་ཆ་སྙོམས་ལུས་རྩལ་ར་བའི་རྒྱ་ཁྱོན་སྨི་ངོས་གྲུ ༢.༦༢ ཡོད། ད་ལོའི་སྤྱི་ཟླ ༡ ཚེས ༡ ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི༼ལུས་རྩལ་བཅའ་ཁྲིམས༽དངོས་སུ་ལག་ལེན་བསྟར་བ་དང་། དེའི་ནང་སྤྱི་ཚོགས་ལུས་རྩལ་གྱི་ས་བཅད་དེའི་མིང་ལ་དམངས་ཡོངས་ཀྱི་ལུས་སྦྱོང་ཞེས་པར་བཟོ་བཅོས་བརྒྱབ་ཡོད་ཅིང་། རྒྱལ་ཁབ་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་འཐབ་ཇུས་ལག་བསྟར་དང་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་བཙུགས་ཏེ། སྤྱི་དམངས་ལུས་སྦྱོང་བྱེད་སྒོར་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཏོན་ཡོད།

ད་ལོ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་ལྔས༼དམངས་ཡོངས་ཀྱི་ལུས་སྦྱོང་ར་བའི་སྒྲིག་ཆས་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་ལས་ཀའི་ཇུས་གཞི(༢༠༢༣--༢༠༢༥)༽པར་འགྲེམས་བྱས་ཤིང་། འཆར་གཞི་ལྟར་ན། ༢༠༢༥ ལོར་སླེབས་སྐབས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་དང་མི་འབོར་གྱི་རྒྱུ་རྐྱེན་གཙོ་བོ་དང་འཚམ་པའི་རྫོང(གྲོང་ཁྱེར་དང་ཆུས)དང་།ཤང་གྲོང(ཁྲོམ་གཞུང)སྲིད་འཛིན་གྲོང་ཚོ(སྡེ་ཁུལ)བཅས་རིམ་གསུམ་སྤྱི་པའི་ལུས་སྦྱོང་སྒྲིག་བཀོད་དང་སྡེ་ཁུལ་གྱི་སྐར་མ ༡༥ ཡི་ལུས་སྦྱོང་ར་བ་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐེར་ཐེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་བ། ཞི་ཅིན་ཕིང་ནས་ཀྲུང་དབྱང་གི་ཚོཊ་འདུ་གལ་ཆེན་འདི་གཙོ་སྐྱོང་གནང་འདུག