ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་སྐབས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་པ་དང་ནུས་རྒྱུ་ཟད་གྲོན་གྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱ་རྒྱུ་དེ་ཐཱན་འབུད་བཤངས་ཀྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ཕྱོགས་སུ་རིམ་བསྒྱུར་བྱེད་དགོས་པའི་ནན་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ ༧ ཚེས ༡༡ ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས༼ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་བསྐྲུན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽དང་།༼གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཀྱི་ལག་བསྟར་ཇུས་གཞི༽༼ནུས་རྒྱུ་ཟད་གྲོན་གྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱ་རྒྱུ་དེ་ཐཱན་འབུད་བཤངས་ཀྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ཕྱོགས་སུ་རིམ་བསྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽༼མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས་ཀྱི་ཐོབ་ཆའི་ལམ་ལུགས་བསྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་བསམ་འཆར༽༼རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཁྲོམ་རའི་མ་ལག་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་འགན་སྲུང་གི་ནུས་པ་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར༽༼གློག་ཤུགས་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རྣམ་པ་གསར་པའི་གློག་ཤུགས་མ་ལག་གང་མགྱོགས་འཛུགས་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར་༽བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཡོད་པ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་རྒྱུ་ནི་ང་ཚོས་རང་འགུལ་ངང་སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་ཡིན་པས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་ཞུ་སྒྲུབ་རྒྱུར་གཞིགས་ཐོག ལམ་ལུགས་རྣམ་པའི་སྒོ་དབྱེ་གཙོ་གནད་དུ་བྱས་ནས། མ་འཇོག་དང་། ཉོ་ཚོང་། དངུལ་རྩ། གསར་གཏོད་སོགས་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྒྲིག་གཞི་དང་ནང་རྐྱེན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལེ་ལག་ཚང་བའི་སྲིད་ཇུས་དང་བྱ་ཐབས་འཐུས་ཚང་དུ་གཏོང་བ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ཐོག ཞིང་པ་དང་ས་ཞིང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་གཙོ་རྐང་དུ་བྱས་ཤིང་། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཞན་ཆ་གང་མགྱོགས་གསབ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཐཱན་ཉུང་གཏོང་བྱ་རྒྱུ་གཙོ་གནད་འཐབ་ཇུས་ཀྱི་ཁ་ཕྱོགས་སུ་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་པར་གཞི་ཚུགས་ནས། ནུས་རྒྱུ་ཟད་གྲོན་གྱི་སྤྱི་འབོར་དང་ཤུགས་ཚད་སྙོམས་སྒྲིག་བྱ་རྒྱུ་འཐུས་ཚང་དུ་བཏང་སྟེ་ཐཱན་འབུད་ཚད་ཀྱི་སྤྱི་འབོར་དང་ཤུགས་ཚད་གཉིས་ཚོད་འཛིན་བྱེད་པའི་ཕྱོགས་སུ་རིམ་སྒྱུར་བྱེད་དགོས། མཐོ་སློབ་ཀྱི་དགེ་རྒན་དང་ཚན་ཞིབ་མི་སྣའི་ཐོབ་ཆ་བགོ་བཤའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣའི་བྱ་གཞག་བཅས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་དང་། ཤེས་བྱའི་རིན་ཐང་ཁྲིད་སྟོན། དོ་དམ་ཚད་ལྡན་ནུས་ཡོད། འགན་ལེན་ལྕག་སྐུལ་གཉིས་ཀར་ལྟ་རྟོག་ཐུབ་པ་བཅས་ཀྱི་ཐོབ་ཆའི་ལམ་ལུགས་རིམ་བཞིན་བཙུགས་ཏེ། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས་ཀྱི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས། རྒྱལ་ཁབ་ཀྱི་སྣུམ་རླངས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུའི་དམིགས་ཚད་ལ་གཞིགས་ཐོག སྣུམ་རླངས་སྒྲིག་གཞིའི་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། སྣུམ་རླངས་ལས་རིགས་ཀྱི་གོང་འོག་བར་གསུམ་གྱི་སྒྲིག་གཞི་དང་ནང་རྐྱེན་བསྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་བརྟན་ལ་བློས་འགེལ་ཆོག་པའི་མཁོ་སྤྲོད་འགན་ལེན་བྱེད་དགོས། གློག་ཤུགས་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་དུ་བཏང་ནས། དྭངས་གཙང་ཐཱན་ཉུང་དང་། བདེ་འཇགས་འདང་ངེས། དཔལ་འབྱོར་ཕན་ཆེ། མཁོ་སྤྲོད་མཉམ་སྦྱོར། སྟབས་བསྟུན་རིག་ནུས་བཅས་ཀྱི་གློག་ཤུགས་མ་ལག་གསར་པ་གང་མགྱོགས་འཛུགས་པ་དང་། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་འདེད་སྔར་ལས་ལྷག་པ་བཏང་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་གྲོས་ཚོགས་ལ་ཞུགས་ཡོད།
གྲོས་ཚོགས་ཐོག མིག་སྔར། རང་རྒྱལ་གྱི་གོང་འཕེལ་ལ་རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འཕྲད་ཡོད། སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པའི་རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉོ་ཚོང་མ་འཇོག་ཁྱབ་ཁོངས་ཀྱི་སྒྲིག་གཞི་དང་ནང་རྐྱེན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲོམ་རའི་ཆོག་འཐུས་རྒྱ་སྐྱེད་གཏོང་བ། ཚོང་གཉེར་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། ཞབས་ཞུའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་རྒྱལ་གྱི་ཕྱོགས་བསྡུས་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་བརྟེན་ནས་འཛམ་གླིང་ཧྲིལ་པོའི་ཐོན་ཁུངས་ཀྱི་གྲུབ་ཆ་འདྲེན་འགུག་བྱེད་པ། ཉོ་ཚོང་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། མ་མཐའི་མཚམས་ཐིག་གི་རིག་ལམ་དང་མཐའ་ཚད་ཀྱི་རིག་ལམ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་སྒྲིག་གཞི་དང་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། སྒོ་དབྱེའི་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་རྒྱུ་དེ་སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འབྲེལ་མཐུད་དམ་ཟབ་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྒྲིག་མ་ལག་གི་བསྒྱུར་བཅོས་དང་འཛུགས་སྐྱོང་ཁྲོད་ཐེ་ཞུགས་ཧུར་ཐག་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བཀོད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་ཏན་ཏིག་བཟོ་བ། འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་ལམ་ལུགས་འཐུས་ཚང་བཟོ་བ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྒྲིག་གཞི་དང་ནང་རྐྱེན་འཐུས་ཚང་བཟོ་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་བའི་སྲིད་ཇུས་མ་ལག་འཐུས་ཚང་བཟོ་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ལ་འགག་གཏོར་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཞིང་པར་བསྒྱུར་བཅོས་ཀྱི་ཁྲོད་ནས་ཐོབ་ཚོར་དེ་བས་མང་བ་ཐོབ་པ་བྱ་དགོས། རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་འཚོལ་ཞིབ་གཉིས་ཟུང་འབྲེལ་ནུས་ལྡན་བྱེད་པ་དང་། ས་ཁུལ་མི་འདྲ་བས་ཡུལ་བབ་དང་བསྟུན་ནས་འཚོལ་ཞིབ་བྱ་རྒྱུར་ཆོག་མཆན་སྤྲོད་པ་དང་དེར་སྐུལ་མ་གཏོང་བ། གཞི་རིམ་གྱི་ལག་ལེན་གསར་གཏོད་བྱ་གཞི་འཚོལ་རྙེད་ཐུབ་པ་དང་དེར་ཕྱོགས་བསྡོམས་བྱེད་པ། འཚོལ་ཞིབ་དང་གསར་གཏོད་བྱེད་པའི་ཁྲོད་དཀའ་ཚེགས་འཕྲད་པར་དུས་ཐོག་ཏུ་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྦགས་མེད་ཐཱན་ཉུན་དང་ནུས་གྲོན་འབུད་བཤངས་གཉིས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། ནུས་རྒྱུ་ཟད་གྲོན་གྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་བཙུགས་པ་དང་ལག་ལེན་བསྟར་བས། རང་རྒྱལ་གྱི་ནུས་རྒྱུ་བཀོལ་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་དང་དབྱང་གཉིས་ཐཱན་འགྱུར་འབུད་བཤངས་བྱེད་པའི་ཤུགས་ཚད་རྒྱུན་མཐུད་དམའ་རུ་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད། ནུས་རྒྱུ་ཟད་གྲོན་གྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པ་དེ་ཐཱན་འབུད་བཤངས་ཀྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ཕྱོགས་སུ་རིམ་སྒྱུར་བྱེད་པར། སྔོན་ལ་འཛུགས་པ་དང་དེ་ནས་འགག་གཏོར་ཡོང་བ་བྱེད་དགོས་པ་དང་། ནུས་གྲོན་གཉིས་འཛིན་གྱི་ལམ་ལུགས་འཐུས་ཚང་བཟོ་བ། སྙོམས་སྒྲིག་བྱེད་ཐབས་ལེགས་སྒྱུར་བྱེད་པ། ཐཱན་འབུད་བཤངས་ཀྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་གཞི་རྩའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐཱན་འབུད་བཤངས་ཀྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ཆ་སྦྱོར་ལམ་ལུགས་འཐུས་ཚང་བཟོ་བ་བཅས་བྱས་ཏེ། ཐཱན་འབུད་བཤངས་ཀྱི་འབོར་ཚད་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་མཐུན་རྐྱེན་ཧུར་ཐག་བསྐྲུན་དགོས། གྲོན་ཆུང་བྱ་རྒྱུ་སྔོན་འགྲོར་བརྩི་བའི་སྲིད་ཇུས་མཐའ་འཁྱོངས་བྱེད་པ་དང་། ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་བྱེད་པའི་ལས་དོན་སྒྲུབ་པ། མ་གནས་དམའ་ཤོས་ལ་བརྟེན་ནས་ཕན་འབྲས་ཆེ་ཤོས་ཐོབ་པ་བྱེད་དགོས། ལས་སྒོའི་དལ་བྲེལ་ལ་ཚོད་འཛིན་ནན་པོ་བྱེད་པ་དང་། གོང་འཕེལ་དང་འབུད་བཤངས་ཀྱི་འབྲེལ་བར་གཅིག་འགྱུར་འཆར་འགོད་ཡག་པོ་བྱེད་པ། དངོས་ཐོག་བདེན་འཚོལ་དང་འཁོས་དཔག་ལས་སྒྲུབ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་ཇུས་བྱ་ཐབས་ལེགས་སྒྱུར་བཅས་བྱ་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོགམཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས་ཀྱི་ཐོབ་ཆའི་ལམ་ལུགས་བསྒྱུར་བཅོས་ཚོད་ལྟ་བྱེད་པར། ཐོབ་ཆའི་དོ་དམ་གྱི་དགོས་མཁོ་དང་དོན་དངོས་ལ་གཞིགས་པ་དང་། བགོ་འགྲེམ་ལམ་ལུགས་ལེགས་སྒྱུར་དང་ཚད་ལྡན་ཏུ་གཏོང་བ། ཡང་དག་པའི་བགོ་འགྲེམས་སྟོན་ཕྱོགས་འཛུགས་པ། ཤེས་ལྡན་མི་སྣ་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། གསར་སྐྲུན་གལ་ཆེ་བར་འཇོག་རྒྱུ་མངོན་གསལ་དོད་དུ་གཏོང་བ། ཐོབ་ཆ་བགོ་འགྲེམས་བྱེད་པར་ལས་ཕྱོད་ཐོབ་ཆ་དང་སྦྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སློབ་ཁྲིད་ཚན་ཞིབ་ཀྱི་འཐབ་ས་དང་པོར་གཞི་ཚུགས་པ་དང་། ལས་འགན་བྲེལ་བ་ཆེ་བ་དང་། ཛ་དྲག་པ། ཉེན་ཁ་ཆེ་བ། གཙོ་ཆེ་བ་བཅས་སྒྲུབ་མཁན། དམིགས་བསལ་གྱི་ལེགས་སྐྱེས་འབུལ་མཁན་བཅས་ཀྱི་མི་སྣར་ཕྱོགས་ལྷུང་བྱེད་པ། རྨང་གཞིའི་རིག་ཚན་སློབ་ཁྲིད་དང་རྨང་གཞིའི་སྔོན་ཐོན་ཞིབ་འཇུག རྒྱལ་ཁབ་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་ལས་འགན་སྒྲུབ་མཁན། གསར་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཐོབ་མཁན་བཅས་ཀྱི་མི་སྣར་ཕྱོགས་ལྷུང་བྱེད་དགོས། ཐོབ་ཆའི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཀྱི་དངུལ་ཤེས་ལྡན་མི་སྣར་སྐུལ་ལྕག་དང་བྱ་གཞག་གོང་འཕེལ་གྱི་དགོས་མཁོ་ཆེ་ཤོས་ཡོད་སར་སྤྱོད་ཐུབ་རྒྱུ་འགན་ལེན་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག རྡོ་སྣུམ་དང་རང་བྱུང་རླངས་ཀྱི་ཁྲོམ་རའི་མ་ལག་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཐོན་སྐྱེད་དང་། མཁོ་སྤྲོད། གྲབས་གསོག བྲིན་ཚོང་བཅས་ཀྱི་མ་ལག་འཛུགས་རྒྱུར་ཤུགས་རྒྱག་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཁྱབ་ཁོངས་དབྱེ་ནས་ལྟ་སྐུལ་དོ་དམ་དང་ཁྱབ་ཁོངས་ལས་བརྒལ་ནས་མཐུན་སྦྱོར་ངང་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་རྒྱག་དགོས་པ། སྣུམ་དང་རླངས་ཀྱི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་བ། དྲང་གཞག་ངང་འགྲན་རྩོད་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱ་དགོས། སྣུམ་རླངས་གྲབས་གསོག་མ་ལག་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། གྲབས་གསོག་བྱས་པའི་སྟབས་བསྟུན་དང་སྙོམས་སྒྲིག་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག རྣམ་པ་གསར་པའི་གློག་ཤུགས་མ་ལག་འཛུགས་སྐྲུན་གྱི་ལམ་ཕྱོགས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་ཇུས་བཀོད་བྱ་དགོས་པ་དང་། ནུས་རྒྱུ་གསར་པས་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་ཐོག་ནས་ཚབ་བྱེད་ཐུབ་པའི་རྨང་གཞིའི་སྒང་ལ་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་རིམ་པ་བཞིན་སྲོལ་རྒྱུན་ནུས་རྒྱུའི་བསྡུར་གྲངས་ཉུང་དུ་གཏོང་དགོས། རྣམ་པ་གསར་པའི་གློག་ཤུགས་མ་ལག་དང་འཚམ་པའི་སྒྲིག་གཞི་དང་ནང་རྐྱེན་འཐུས་ཚང་འཛུགས་དགོས་པ་དང་། གློག་ཤུགས་ལག་རྩལ་གསར་སྐྲུན་དང་། ཁྲོམ་རའི་ནང་རྐྱེན་གསར་གཏོད། ཚོང་ལས་དཔེ་དབྱིབས་གསར་སྐྲུན་བཅས་ལ་ཤུགས་སྣོན་རྒྱག་པར་སྐུལ་མ་གཏོང་དགོས། ནུས་ལྡན་ཁྲོམ་ར་དང་བྱས་པའི་རྗེས་ཡོད་པའི་སྲིད་གཞུང་ཟུང་འབྲེལ་གང་ལེགས་ཐུབ་རྒྱུར་སྐུལ་མ་གཏོང་བ་དང་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བའི་ཐོག་ནས། གློག་ཤུགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཡག་པོ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།
ཀྲུང་དབྱང་ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་ནས་སུའོ་ཅ་ཝ་ལེ་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་གྱི་ལས་ཁུངས་ལ་གཟིཊ་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཤེས་དཔལ་སྤེལ་རེས་མིག་ལྟོས་དང་སྐད་ཆ་ཤོད་རེས་ཚོགས་འདུ་སྐབས་གསུམ་པ་དང་འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།