གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས་ལ་བདམས་པའི་ཚན་པའི་འཐུས་མིར་མཇལ་འཕྲད་གནང་བ།

ཚའེ་ཆི་དང་ལི་ཞི་མཇལ་འཕྲད་ལ་ཞུགས་པ།

སྤེལ་དུས་: 2023ལོ་11ཟླ་08ཚེས་ 15:44 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ནི་ཟླ ༡༡ ཚེས ༦ ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ཚའེ་ཆི། ལི་ཞི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས་ལ་བདམས་པའི་ཚན་པའི་འཐུས་མིར་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༡༡ ཚེས ༦ ཉིན་གློག་འཕྲིན་འབྱོར་གསལ། ཚེས ༦ ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས་ལ་བདམས་པའི་ཚན་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྟེ།ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། ཁོང་ཚོར་ཡང་འབད་བསྐྱར་འབད་ཀྱིས་དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་མཇལ་འཕྲད་ལ་ཞུགས་པ་རེད།

སྔ་དྲོའི་ཆུ་ཚོད ༡༠ དང་སྐར་མ ༣༠ ལ་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་ཕྱག་གཡུག་གཡུག་གནང་ནས། ཚང་མ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

ཁྲེན་ཝུན་ཆིང་དང་། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་། ཀྲང་ཅུན། དབྱིན་ཡུང་བཅས་མཇལ་འཕྲད་ལ་ཞུགས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བར། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཁར། མང་ཚོགས་ལ་དམ་པོར་བརྟེན་ནས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བསྐྲུན་ཆེད་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་བཏོད་ཡོད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཧྥེང་ཆའོ་ལུགས་ཀྱི་ལས་དོན་སྒྲུབ་སྟངས་ཚན་པ ༡༠༤ འདེམས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ནང་འདྲེན་དངོས་མང་འགྲེམས་ཚོཊ་འདིར་འཕྲིན་ཡིག་གནང་། ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཀྲུང་དབྱང་དངུལ་རྩའི་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།