གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་དབུ་ཚོཊ་འདིར་རྟེན་འབྲེལ་གློག་འཕྲིན་བཏང་བ།

སྤེལ་དུས་: 2024ལོ་02ཟླ་18ཚེས་ 11:51 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༡༧ ཉིན་གློག་འཕྲིན་བཏང་ནས་སྐབས ༣༧ པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དབུ་ཚོགས་སྐོང་འཚོགས་བྱས་པར་རྟེན་འབྲེལ་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་འཐུས་ཚབ་བྱས་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་འགྲོ་བཞིན་ཡོད་པས། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ལ་མཐུན་སྒྲིལ་བྱས་ཏེ། མཉམ་འབྲེལ་ཐོག་རང་སྟོབས་རང་སྤེལ་གྱིས་གཞི་གཅིག་ཅན་དང་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་བདེ་བླག་ངང་ཞུགས་ཐུབ་པ་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཨ་ཧྥེ་རི་ཁའི་འཐུབ་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་སྔར་བས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་བདེ་བླག་ངང་སྐོང་འཚོགས་བྱས་པ། ཕྱོགས་གཉིས་པོས་རང་སོའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འདུན་པ་མངོན་འགྱུར་ཡོང་ཆེད་ཁོར་ཡུག་བཟང་པོ་གཏོད་རྒྱུའི་གཏན་འབེབས་བྱས་ཡོད། ༢༠༢༤ ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཚོགས་འདུ་སྐབས་གསར་པ་འཚོག་རྒྱུ་ཡིན་པས། ང་རང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུར་དམིགས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་འཆར་གཞི་གསར་པ་འཆར་འགོད་ཞིབ་ཚགས་བྱེད་པ་དང་། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་ཐུན་མོང་ཐོག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་འདུག །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་གནང་བའི་སྤྱི་ལོ༢༠༢༤ལོའི་ལོ་གསར་ཤིས་ཚིག ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ༡༣༠འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། ཞི་ཅིན་ཕིང་ཧྲང་ཅང་དམག་དཔོན་གྱི་གོ་རྟཊ་སྤྲོད་པའི་མཛད་སྒོར་ཞུཊ།