གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ཧྲང་ཅང་དམག་དཔོན་གྱི་གོ་རྟཊ་སྤྲོད་པའི་མཛད་སྒོར་ཞུཊ།

སྤེལ་དུས་: 2023ལོ་12ཟླ་26ཚེས་ 15:31 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་ལ་འཕར་བའི་གོ་རྟགས་སྤྲོད་པའི་མཛད་སྒོ་ཚེས ༢༥ ཉིན་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་གཉེར་ཡོད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད།

སྔ་དྲོའི་ཆུ་ཚོད ༡༡ ཙམ་ལ་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་རྒྱུའི་བཀའ་རྒྱ་སྒྲོག་སྦྱངས་གནང་ཡོད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཏུང་གིས་གོ་གནས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་ཡོད།

ད་ཐེངས་ཧྲང་ཅང་དམག་དཔོན་ལ་འཕར་བའི་དམག་དཔོན་ནི། ལྷོ་རྒྱུད་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝང་ཝུན་ཆོན་དང་། མཚོ་དམག་གི་དམག་སྤྱི་ཧུའུ་ཀྲུང་མིང་རྣམ་གཉིས་རེད།

ཧྲང་ཅང་དམག་དཔོན་ལ་གོ་གནས་འཕར་བའི་དམག་དཔོན་རྣམ་གཉིས་དཔའ་ཉམས་དོད་པོའི་ཐོག་ནས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཕེབས་པ་དང་། ཞི་ཅིན་ཕིང་གིས་ཁོང་གཉིས་ལ་བཀའ་ཤོག་སྤྲད་གནང་བ་དང་འབྲེལ་རྟེན་འབྲེལ་ཞུས་གནང་ཡོད། ཧྲང་ཅང་དམག་དཔོན་གྱི་དཔུང་རྟགས་བཏགས་པའི་དམག་དཔོན་གཉིས་ཀྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་མཛད་སྒོར་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་ཤིང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།

གོ་རྟགས་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་དུ་མཇུག་འགྲིལ་ཡོད། དེ་རྗེས། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་ལ་འཕར་བའི་དམག་དཔོན་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད།

ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལིའུ་ཀྲེན་ལི་དང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་དང་། དམག་ཨུད་སྡེ་ཁག་གི་ཚན་པ་ཁག་དང་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་གནས་སྤོར་བའི་མཛད་སྒོར་ཞུགས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

༼ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ༢༿༠༢༣ ལོའི་པར་མ༾༽བཀྲམ་པ། ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་ནས་ཀན་སུའུ་ལ་ས་ཡོམ་བརྒྱབ་པའི་ཐད་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་ཨའེ་སྨིར་ལ་མྱ་ངན་ཞུ་འཕྲིན་སྤྲིངས་པ།