གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཕུའུ་ཅིང་ལ་བཀྲ་ཤིས་བདེ་ལེཊ་ཞུ་བའི་གློག་འཕྲིན་བཏང་།

སྤེལ་དུས་: 2024ལོ་03ཟླ་19ཚེས་ 11:00 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༣ ཚེས ༡༨ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཅིང་ལ་གློག་འཕྲིན་བཏང་སྟེ། ཕུའུ་ཅིང་ནས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གི་འགན་གནས་བསྟུད་འཛིན་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཨུ་རུ་སུའི་མི་དམངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འགྲན་རྩོད་ཁྱད་དུ་བསད་དེ་རྒྱལ་ཁབ་གོང་འཕེལ་དང་དར་རྒྱས་ཀྱི་ལམ་བུའི་ཐོག་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། ཁྱེད་རང་སླར་ཡང་བདམས་ཐོན་བྱུང་བ་དེའི་ཐོག་ནས་ཨུ་རུ་སུའི་མི་དམངས་ནས་ཁྱེད་རང་ལ་རྒྱབ་སྐྱོར་བྱེད་པ་གང་ལེགས་མཚོན་གྱི་ཡོད། ཁྱེད་རང་གི་འགོ་ཁྲིད་འོག ཨུ་རུ་སུར་རྒྱལ་ཁབ་གོང་འཕེལ་གཏོང་བ་དང་འཛུགས་སྐྲུན་བྱེད་པའི་ཁྲོད་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཨུ་རུ་སུའི་ཕྱོགས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་དང་མཇལ་མོལ་གནང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་གྲོལ་བ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བ། ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་བཤད་གནང་དོན།