གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་གསུང་རྩོམ་དེབ་འདིའི་དབྱིན་ཡིག་པར་མ་བཀྲམས་འདུག

སྤེལ་དུས་: 2024ལོ་04ཟླ་29ཚེས་ 11:09 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི༼ ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ ༢༿༠༢༣ ལོའི་པར་གཞི༾༽ཡི་དབྱིན་ཡིག་པར་མ་དེ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།

༼ ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ ༢༿༠༢༣ ལོའི་པར་གཞི༾༽དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེབ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི ༢༠༡༣ ལོའི་ཟླ ༩ ནས ༢༠༢༣ ལོའི་ཟླ ༡༡ བར་གྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སྐོར་གྱི་ཡིག་ཆ་གལ་ཆེན ༧༨ བསྡུས་ཡོད། དེབ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་ཀྱི་མཛུབ་ཁྲིད་རྩ་དོན་དང་། ཕུན་སུམ་ཚོགས་པའི་ནང་དོན། དམིགས་ཚད་ཐབས་ལམ་སོགས་རྒྱས་བཤད་གཏིང་ཟབ་གནང་བ་རྣམས་ཆ་ཚང་བའི་སྒོ་ནས་མཚོན་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་ཀྲུང་གོའི་གྲོས་འགོ་ནས་རྒྱལ་སྤྱིའི་ལག་ལེན་དུ་འགྱུར་བ་དང་། འདུ་ཤེས་ནས་བྱ་སྤྱོད་དུ་འགྱུར་བ། འདུན་པ་ནས་དོན་དངོས་སུ་འགྱུར་བ། ཇུས་འགོད་བཀོད་སྒྲིག་གི་དོན་བྲིས་ཆེན་མོ་ནས་ལག་ལེན་ཞིབ་ཕྲ་བསྟར་བའི་ཞིབ་བྲིས་རི་མོར་འགྱུར་བ་བཅས་ཀྱི་ཐད་གྲུབ་འབྲས་དངོས་གནས་དྲང་གནས་དང་ལྗིད་ཏིག་ཏིག་ཐོབ་སྟེ། དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་སྟེགས་བུར་གྱུར་བའི་འཕེལ་རིམ་ཁྱོན་ཡོངས་ནས་མངོན་ཡོད།

དེབ་དེའི་དབྱིན་ཡིག་པར་མ་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཕྱི་རྒྱལ་གྱི་ཀློག་པ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་འདུ་ཤེས་དང་བྱེད་ཐབས། དམིགས་ཚད་དང་གྲུབ་འབྲས་བཅས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་དང་བསམ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རྒྱུད་གཅིག་ལམ་གཅིག་གིས་རྒྱལ་ཁབ་དང་མི་དམངས་དེ་བས་མང་བར་ཕན་པ་བསྐྲུན་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་སི་ལོ་ཝ་ཁེའི་ཙུང་ཐུང་ལ་རྟེན་འབྲེལ་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཧྲུའོ་ཨེར་ཚི་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཧྥེ་ལེ་ཀེ་ལི་ཉིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།