གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཧྥེ་ལེ་ཀེ་ལི་ཉིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

སྤེལ་དུས་: 2024ལོ་04ཟླ་15ཚེས་ 10:55 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ ༤ ཚེས ༡༡ ཉིན། པི་ཏེ·ཧྥེ་ལེ་ཀེ་ལི་ཉིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས། ཁོང་སི་ལོ་ཝ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་སི་ལོ་ཝ་ཁེའི་སྲོལ་རྒྱུན་མཛའ་གྲོགས་ཟབ་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་བཤེས་ཡུན་རིང་ལ་སྲ་ཞིང་བརྟན་པ་ཡོད། ཉེ་བའི་ལོའི་རིང་། ཀྲུང་གོ་དང་སི་ལོ་ཝ་ཁེའི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་ཡག་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་མདུན་ལྗོངས་ཡངས་ཤིང་རྒྱ་ཆེན་པོ་ཡོད། ད་ལོ་ནི་ཀྲུང་གོ་དང་སི་ལོ་ཝ་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་པོའི་འབྲེལ་བར་གོང་འཕེལ་གྱི་གོ་སྐབས་གལ་ཆེན་འཕྲད་ཡོད། ང་རང་ནས་ཀྲུང་གོ་དང་སི་ལོ་ཝ་ཁེའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་ཧྥེ་ལེ་ཀེ་ལི་ཉི་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་འདུག །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་གསུང་བཤད་ལ་མཚོ་འགག་ངོཊ་གཉིས་ཀར་ལན་ཆ་ཆེན་པོ་བྱུང་བ། ཞི་ཅིན་ཕིང་གིས་མ་ཡིང་ཅིའུ་དང་བཅས་པར་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་སྨི་ཁེ་ལུའོ་ཉི་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཞི་སྨི་ནཱ་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ།