གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་རིག་མཛོད་འདིའི་གླེང་སྟེཊ་ལ་ཤིས་འཕྲིན་སྤྲིངས།

སྤེལ་དུས་: 2024ལོ་11ཟླ་13ཚེས་ 09:36 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ ༡༡ ཚེས ༡༡ ཉིན་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྨྱན་སྦྱོར་རིག་མཛོད་ཀྱི་མཐོ་གྲས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས། དེང་སྐབས་འཛམ་གླིང་ལྷོ་ཕྱོགས་ཀྱི་སྙན་གྲགས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཁྲོད་དུ་ནུས་པ་སྔར་ལས་ཆེ་བ་འདོན་བཞིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་ཡིན་པ་དང་། ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པས། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཕྲག་ཐོག་ཏུ་བབས་པའི་བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྨྱན་སྦྱོར་རིག་མཛོད་ལ་འཕྲད་པའི་ཐུན་མོང་གི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་ཡིན། ཚོགས་ཞུགས་སྐུ་མགྲོན་ཚོས་བགྲོ་གླེང་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ནས།  ལྷོ་ཕྱོགས་ཀྱི་སེམས་སྒྲ་ཐུན་མོང་ཐོག་བརྒྱུད་བསྒྲགས་དང་།  ལྷོ་ཕྱོགས་ཀྱི་འགན་འཁྲི་མངོན་པར་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེ་ཉིད་ཞི་བདེ་སྲུང་སྐྱོང་བྱེད་མཁན་གྱི་བརྟན་ལྷིང་སྟོབས་ཤུགས་དང་སྒོ་དབྱེ་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འཛུགས་སྐྲུན་སྟོབས་ཤུགས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་སྟོབས་ཤུགས་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྨྱན་སྦྱོར་རིག་མཛོད་ཚོགས་པའི་མཐོ་གྲས་གླེང་སྟེགས་དེ་ཉིན་པར་ཙིར་གྱི་ཧྲེང་པའོ་ལུའོ་རུ་འགོ་ཚུགས་པ་རེད། གླེང་སྟེགས་དེ་ཤིན་ཧྭ་གསར་འགྱུར་ཁང་དང་པར་ཙིར་འཕྲིན་གཏོང་ཀུང་སིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། བརྗོད་བྱ་གཙོ་བོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་བརྗོད་གཞི་གཙོ་བོ་དར་སྤེལ་བཏང་ནས། འཕེལ་རྒྱས་དང་དར་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས་ཞེས་པ་དེ་རེད། ཉིན་དེར། པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་ཀྱང་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་སྒྲོག་འགྲེལ་ཚོཊ་པ་འདིར་འཕྲིན་ལན་སྤྲིངས། ཞི་ཅིན་ཕིང་ནས་འཛིན་གྲྭ་འདི་འགོ་ཚུཊ་པའི་མཛད་སྒོར་གསུང་བཤད་གནང་། ཞི་ཅིན་ཕིང་གིས་མཇལ་འཛོམས་འདིའི་ཐོག་གསུང་བཤད་གལ་ཆེན་གནང་འདུག ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ལ་ཞུཊ་པ།