སྤྱི་ཚེས ༡༦ ཉིན་དཔེ་སྐྲུན་བྱས་པའི༼བདེན་འཚོལ༽དུས་དེབ་འདོན་ཐེངས ༢༤ པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན༼ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས༽ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། རང་རེའི་ཏང་འདི་ཉིད་འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་ཡིན་པའི་ངོས་ནས། གང་འདྲ་བྱས་ཏེ་ཞོད་ཟིང་དར་རྒུད་ཀྱི་དུས་འཁོར་ཚད་ལས་ལེགས་པར་བརྒལ་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་མདོག་མི་འགྱུར་བ། ཉམས་ཆོས་མི་འགྱུར་བར་འགན་ལེན་བྱ་དགོས་སམ་ཞེ་ན། དེ་ནི་ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་འཕྲད་པའི་འཐབ་ཇུས་ཀྱི་གནད་དོན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རླབས་ཆེ་བའི་ལག་ལེན་ཁྲོད། ང་ཚོས་ལག་ལེན་གྱི་འཚོལ་ཞིབ་དང་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་རྒྱུན་ཆད་མེད་པར་བྱས་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་དེ་དུས་མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་དགོས་ཞེས་པའི་ལན་དང་པོ་དེ་བཏབ་པའི་རྨང་གཞིའི་སྟེང་ལན་གཉིས་པ་དེ་བཏབ་ཡོད། དེ་ནི་ཏང་གི་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད། དུས་རབས་གསར་པའི་ལོ ༡༠ ཡི་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་དང་རིགས་པའི་གཞུང་ལུགས་འཚོལ་ཞིབ་བྱེད་པའི་ཁྲོད། ང་ཚོས་ཏང་གི་རང་ངོས་གསར་བརྗེར་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ནས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་གྲུབ་པ་མ་ཟད། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་དགོས་དོན་གང་ཡིན་པ་དང་། རང་ངོས་གསར་བརྗེ་བྱེད་ཐུབ་དོན་གང་ཡིན་པ། གང་འདྲ་བྱས་ཏེ་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བརྒྱབ་ཡོད་ཅེས་ནན་སྟོན་བྱས་ཡོད།
རྩོམ་ཡིག་ནང་། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བར་ལག་ལེན་ཁྲོད་གཤམ་གསལ་གྱི་གནད་དོན་ཁག་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས། གཅིག་ནི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་འགན་ལེན་དུ་བྱེད་དགོས། གཉིས་ནི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་དགོས། གསུམ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རྩ་བའི་གཞི་འཛིན་སར་བྱེད་དགོས། བཞི་ནི་ལོ་རྒྱུས་ཀྱི་དུས་འཁོར་ཚད་ལས་བརྒལ་རྒྱུ་དེ་འཐབ་ཇུས་ཀྱི་དམིགས་འབེན་དུ་འཛིན་དགོས། ལྔ་ནི་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ་དེ་ཁ་ཕྱོགས་གཙོ་བོར་འཛིན་དགོས། དྲུག་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་ནུས་ལྡན་གྱི་ཐབས་ལམ་དུ་འཛིན་དགོས། བདུན་ནི་རྩ་འཛུགས་བརྟན་པོ་ཞིག་འཛུགས་རྒྱུ་དང་ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་དུ་བརྩི་དགོས། བརྒྱད་ནི་སྤྱོད་ཚུལ་བཟང་པོ་འཛུགས་སྐྱོང་དང་སྒྲིག་ལམ་ནན་དུ་གཏོང་བ།རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་བཅས་དམ་འཛིན་བྱེད་ས་གལ་ཆེན་དུ་འཛིན་དགོས། དགུ་ནི་རང་ངོས་ལྟ་སྐུལ་དང་མི་དམངས་ཀྱིས་ལྟ་སྐུལ་བྱ་རྒྱུ་ཟུང་དུ་སྦྲེལ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། ཏང་གི་རང་ངོས་གསར་བརྗེའི་བསམ་ཕྱོགས་དང་བྱ་ཐབས་དེ་བས་དམ་ཚགས་ཡོང་བ་བྱེད་པ་དང་། འཐབ་ཕྱོགས་རེ་རེ་དང་ལྷུ་ཚིགས་རེ་རེའི་རང་ངོས་གསར་བརྗེ་ཞིབ་ཅིང་ཕྲ་བ་དང་གཏིང་ཟབ་སྤེལ་རྒྱུར་དམ་འཛིན་བྱེད་དགོས་ཞེས་བསྟན་འདུག།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཆའོ་ཧྲི་འཁྲུངས་ནས་ལོ༡༠༠འཁོར་བར་དྲན་གསོའི་བཞུཊ་མོལ་ཚོཊ་འདུ་འཚོཊ། ཞི་ཅིན་ཕིང་གིས་མཐའ་མཚམས་བཅོས་སྐྱོང་ལས་དོན་ཐད་བསྟན་དོན། ཞི་ཅིན་ཕིང་གིས་ཆ་འཕྲིན་རོཊ་སྐྱོར་དཔུང་སྡེར་ནན་སྟོན་གནང་དོན། འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ཐེག་པ་ཁུར་ལེན་ཕོད་པ་བྱས་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།