གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རྒྱལ་ཁབ་སྟོབས་ཆེན་འཛུཊ་ཆེད་རིག་གནས་ཀྱི་རྨང་གཞི་འདི་ལྟར་འདིང་།

སྤེལ་དུས་: 2025ལོ་08ཟླ་08ཚེས་ 12:23 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཞིག་ཡིན། ད་ལོ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་མཐོ་ཚད་ཐོག་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་དང་གསར་བརྗེའི་རིག་གནས་དར་སྤེལ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ལ་སྐུལ་འདེད་བཏང་གནང་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཁྲིད་སྟོན་འོག  དུས་རབས་གསར་པའི་ཀྲུང་གོས་རིག་གནས་ཀྱི་བློ་སྤོབས་དེ་བས་ཆེ་བའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་མཚར་སྡུག་བཀྲ་བའི་ལེའུ་ཞིག་རྩོམ་བཞིན་ཡོད།

ལུའོ་དབྱང་གི་ལྷོ་རྒྱུད་དུ་རི་བོ་གཉིས་ཁ་གཏད་དུ་འགྱིངས་ཤིང་དབྱི་ཧྲུའེ་ཆུ་བོ་དེ་གཉིས་ཀྱི་བར་ནས་རྒྱུག་བཞིན་མཆིས། ལོ་ངོ་ ༡༥༠༠ ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་ལུང་མོན་བྲག་ཕུག་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན།  ད་ལོའི་དབྱར་ཁའི་གུང་གསེང་བཏང་བ་ནས་བཟུང་། འདི་གར་ཉིན་ལྟར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཉིས་ཁྲི་དྲུག་སྟོང་ལ་སྣེ་ལེན་ཞུས་ཡོད་ཅིང་། དེ་ནི་ན་ནིང་གི་དུས་མཚུངས་དང་བསྡུར་ན་འཕར་ཚད་མངོན་གསལ་དོད་པོ་ཡོད།

ལོ་ངོ་སྟོང་བརྒྱུད་པའི་བྲག་ཕུག་རེ་རེ་དང་རྡོ་བརྐོས་རེ་རེ་ལས་དཔལ་ཡོན་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དབར་སྤེལ་རེས་དང་མཉམ་འདྲེས་བྱས་པར་དཔང་པོ་བྱེད་བཞིན་ཡོད་ལ། སྒོ་འབྱེད་ཁོང་ཡངས་ནི་དཔལ་ཡོན་གོང་འཕེལ་འགྲོ་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞེས་པའི་གཏིང་ཟབ་པའི་བསམ་བློ་ར་སྤྲོད་གང་ལེགས་བྱེད་བཞིན་ཡོད། ད་ལོའི་ཟླ ༥ པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་གར་རྟོག་ཞིབ་གནང་བར་ཕེབས་སྐབས། ཀྲུང་ཧྭའི་རིག་གནས་ཀྱི་མཆོག་ནོར་དེ་དག་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ། ཁྱབ་སྤེལ་ཡག་པོ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཚང་མ་ལ་ཡང་ཡང་སྤེལ་རེས་གནང་བ་དང་། ལྷག་པར་དུ་གྲོགས་པོ་ཆུང་ཆུང་ཚོས་ས་གནས་ས་ཐོག་ཏུ་ཀྲུང་ཧྭའི་རིག་གནས་ཀྱི་ཁུངས་འདེད་བྱེད་པར་མང་ཙམ་བསྐྱོད་ནས། ཆུང་དུས་ནས་རིག་གནས་ཀྱི་བློ་སྤོབས་བརྟན་པོ་ཞིག་འཛུགས་རྒྱུའི་སྐུལ་ལྕག་གནང་ཡོད།

ཁུངས་འདེད་ཅེས་པ་ནི་རྩ་བ་དང་འབྱུང་ཁུངས་འཚོལ་བ་ཡིན། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ནང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་གོང་འཕེལ་འགྲོ་བའི་གཞི་རྒྱུ་དང་གསང་བ་འདུས་ཡོད། ཇི་ལྟར་བྱས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་མཐུད་ཐུབ་པ་དང་གནའ་བོའི་བློ་གྲོས་ཀྱིས་དེང་རབས་རིག་གནས་འཛུགས་སྐྱོང་ཕུན་སུམ་ཚོགས་པར་གཏོང་དགོས་སམ། ལེ་དབར་ཁྲི་སྟོང་ཡོད་པའི་རི་ཆུའི་བར་གསེང་ན་བཞག་པའི་རྐང་རྗེས་རེ་རེའི་ནང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་བསམ་གཞིག་དང་རིག་ལམ་གཏིང་ཟབ་འདུས་ཡོད།

ད་ལོའི་ཟླ ༣ པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་རིང་། ལོ་ངོ་ ༨༠༠ ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལི་ཅང་གནའ་གྲོང་དུ་ཕེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་དེ་གས་སྲུང་སྐྱོང་དང་གོང་འཕེལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། མཛེས་སྡུག་ལྡན་པའི་གནའ་བོའི་གྲོང་ཁྱེར་དེ་ལས་གཟི་དཔལ་གསར་པ་འཕྲོ་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

ལི་ཅང་གནའ་གྲོང་དུ་གནས་པའི་མུའུ་ཧྥུའུ་གཟིམ་ཤག་གིས་ལོ་ངོ་ ༤༠༠ ལྷག་ཙམ་གྱི་ཆར་རླུང་བརྒྱུད་ཅིང་། ལྷོ་ནུབ་ས་ཁུལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱས་པའི་ལོ་རྒྱུས་ལ་དཔང་པོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། མུའུ་ཧྥུའུ་གཟིམ་ཤག་ལྟ་བུའི་རིག་གནས་ཀྱི་ས་རྟགས་གལ་ཆེན་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཟླ ༥ པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་ངོ་སྟོང་གི་འགྱུར་ལྡོག་བརྒྱུད་པའི་པའེ་མ་དགོན་དུ་ཕེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། ཆོས་ལུགས་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་འདྲེས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་དགོས་ཞེས་གསུངས་པ་རེད།

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གཏིང་ཟབ་པའི་སྟོབས་ཤུགས་ཐོན་བཞིན་ཡོད། རིག་གནས་གསར་གཏོད་དང་ཡུལ་སྐོར་སྐད་གྲགས་ཆོད་པའི་བཟང་ཆ་གཉིས་ལ་བརྟེན་ནས།  སྙན་ངག་དང་རྒྱང་རིང་གི་མི་སེམས་འགུལ་བའི་མཛེས་རིས་ཤིག་གྲུབ་ཡོད།

གསར་བརྗེའི་ཐོན་ཁུངས་ནི་རང་རེའི་ཏང་གི་དཀའ་ཚེགས་ཆེ་ལ་འོད་སྟོང་འཕྲོ་བའི་འབད་འཐབ་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན་ལ། ཆེས་རྩ་ཆེན་གྱི་བསམ་པའི་རྒྱུ་ནོར་ཞིག་ཀྱང་ཡིན།

ཟླ ༧ ཚེས ༧ ཉིན་ནི་མི་རིགས་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་ལངས་ནས་ལོ་ངོ་ ༨༨ འཁོར་བའི་ཉིན་མོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཞི་དབྱང་ཆོན་གྲོང་ཁྱེར་དུ་ཕེབས་ནས་ཐོན་བརྒྱའི་གཡུལ་འགྱེད་ཆེན་པོའི་སྔོན་གཤེགས་དཔའ་བོ་རྣམས་ལ་མེ་ཏོག་ཕུལ་གནང་བ་དང་། ཐོན་བརྒྱའི་གཡུལ་འགྱེད་ཆེན་པོའི་དྲན་གསོ་ཁང་ལ་གཟིགས་སྐོར་མཛད་ཡོད། དྲན་གསོ་ཁང་གི་ཚོམས་ཆེན་དུ། སྤྱི་ཁྱབ་ཧྲུའུ་ཅིས་ལོ་ཆུང་སློབ་མ་དང་དེ་བཞིན་དྲན་གསོ་ཁང་གི་ལས་དོན་མི་སྣ་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས། ཐོན་བརྒྱའི་གཡུལ་འགྱེད་ཆེན་པོའི་ལོ་རྒྱུས་དུམ་བུ་དེར་ང་རང་རྒྱུས་མངའ་ཆེན་པོ་ཡོད། འདིར་སླེབས་ནས་བལྟས་རྗེས། སྔར་བཞིན་ཚོར་སྣང་མང་པོ་ཞིག་བྱུང་ལ། བསམ་པའི་ཞུན་བདར་ཡང་བྱུང་། སྔོན་མའི་བསླབ་བྱ་མ་བརྗེད་ན། རྗེས་མའི་མེ་ལོང་ཞིག་ཏུ་འགྱུར། ང་ཚོའི་ཕྲུ་གུ་རྣམས་ཀྱིས་མི་རིགས་ཀྱི་ལ་རྒྱ་སྲུང་མཁན་ཞིག་བྱས་ནས་ང་ཚོའི་རྒྱལ་ཁབ་འདི་ཉིད་ངེས་པར་དུ་སྟོབས་འབྱོར་ལྡན་པ་ཞིག་ཏུ་འཛུགས་སྐྱོང་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ཞི་བདེའི་ཆེད་དུ་ལེགས་སྐྱེས་འབུལ་དགོས། རེ་བ་ཁྱེད་ཚོར་བཅོལ་ཡོད། མ་འོངས་པ་ནི་ཁྱེད་ཚོར་དབང་བ་རེད། འབད་འབུངས་ཡར་བརྩོན་བྱས་ཏེ། གཞུང་དྲང་ཞིང་གཟི་བརྗིད་ལྡན་པའི་ཀྲུང་གོ་བ་ཞིག་བྱེད་དགོས་ཞེས་གསུངས་ཡོད།

ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༨༠ འཁོར་བའི་ལོ་ཡིན་པས། རང་རྒྱལ་གྱིས་དྲན་གསོའི་བྱེད་སྒོ་གཟབ་རྒྱས་གཉེར་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས། ལྗར་འགོག་དམག་འཁྲུག་གི་གཏམ་རྒྱུད་ཡག་པོ་བརྗོད་ནས་རླབས་ཆེན་གྱི་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

འདས་མ་ད་གསུམ་གྱི་འགན་འཁྲི་ལྗིད་པོ་དེ་རིག་གནས་ཀྱི་ཁྲོད་གཞི་གཅིག་ཏུ་མཉམ་འདྲེས་བྱུང་ཡོད། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ལ་དངོས་པོའི་དཔལ་ཡོན་གྱི་གསོག་འཇོག་དགོས་ལ། བསམ་པའི་དཔལ་ཡོན་གྱི་མཐོར་འདེགས་ཀྱང་དགོས་ཀྱི་ཡོད།

ད་ལོའི་ཟླ ༥ པར། རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཟེངས་བསྟོད་ཚོགས་ཆེན་འཚོགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཁོང་གིས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་འབོད་བརྡ་ཡིན། ད་ལོའི་ཟླ་བ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་གི་གཞོན་སྐྱེས་སྒྱུ་རྩལ་ལས་དོན་པར་འཕྲིན་ལན་བསྐུར་ནས། ཁོང་ཚོར་ཀུན་སྤྱོད་བཟང་པོར་བརྩི་བཀུར་དང་སྒྱུ་རྩལ་ལ་དགའ་ཞེན། དྲང་སྲུང་གསར་གཏོད་བཅས་རྒྱུན་འཁྱོངས་བྱས་ཏེ་ཅིང་ཅུས་ཟློས་གར་སྒྱུ་རྩལ་ལ་དུས་རབས་ཀྱི་གཟི་དཔལ་རྒྱུན་མཐུད་ངང་འཕྲོ་རུ་འཇུག་རྒྱུའི་ལྕག་སྐུལ་གནང་བ་རེད།

ཟླ ༧ པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་ལ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིའུ་པེན་ཁྲང་ལ་སྐུལ་ལྕག་དང་འཚམས་འདྲི་ཞུ་རྒྱུའི་མངགས་བཅོལ་གནང་ཞིང་། ཁོང་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་རིག་རྩལ་ལས་ཀ་བྱེད་མཁན་དེ་བས་མང་བས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་སྐུལ་ཁྲིད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཉིན་འགའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅིས་ཐེན་ཧྭ་སོགས་གློག་བརྙན་སྒྱུ་རྩལ་མཁས་ཅན ༨ ལ་འཕྲིན་ལན་བསྐུར་ནས། རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ་དང་འཚོ་བའི་ཞིང་ས་གཤིན་པོར་གཞི་རྐང་བཙུགས་ཏེ། དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་ལེན་པ་དང་མི་དམངས་ཀྱི་སེམས་གཏམ་མཚོན་པའི་བརྩམས་ཆོས་སྤུས་ལེགས་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མཚན་ཉིད་རིག་པའི་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་ཀྲང་ཀྲི་ཆང་གིས། ད་ལོའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་སའི་ས་ཆ་མང་པོར་རིག་གནས་ཀྱི་གཞི་རྒྱུ་འདུས་ཡོད་པ་དང་། ཁོང་ནས་ཆེད་མངག་ང་ཚོའི་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་གཅེས་སྐྱོང་དང་སྲུང་སྐྱོང་། གོང་འཕེལ་བཅས་ཡག་པོ་བྱེད་དགོས་པའི་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་བྱ་གཞག་ཆེན་པོ་དང་འབྲེལ་བ་ཡོད་ཅིང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་འབྲེལ་བ་ཡོད་ཅེས་བསྟན་གནང་ཡོད། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་བ་དེས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་སྣོན་དང་ཕན་འབྲས་ཆེ་རུ་གཏོང་ཐུབ་པ་དང་། ཡུལ་སྐོར་སྤྲོ་གསེང་གི་ནང་དོན་ཕུམ་སུམ་ཚོགས་སུ་གཏོང་བ་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་ཐུབ་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ལ་དྲང་ནུས་སྣོན་པ་དང་གསོན་ཤུགས་ཆེ་རུ་གཏོང་ཐུབ་ལ། ང་ཚོར་ཟང་ཟིང་གཡོ་འགུལ་ཆེ་བའི་འཛམ་གླིང་གི་འགྱུར་ལྡོག་ཁྲོད་གཞི་རྐང་བརྟན་པོ་ཚུགས་པ་དང་རང་ཉིད་ཀྱི་འགྲོ་ལམ་ཐོག་བློ་རྩ་བརྟན་པོས་བསྐྱོད་པའི་རིག་གནས་ཀྱི་བློ་སྤོབས་ཀྱི་བསམ་པའི་འགན་སྲུང་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད།

ད་ལོ་ནས་བཟུང་། འཛམ་གླིང་རིག་གནས་ཤུལ་བཞག་ནང་རེ་ཞུ་ལེགས་གྲུབ་བྱུང་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་པོ་དེས་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་འཛམ་གླིང་ནས་སྔར་བས་ཤེས་སུ་བཅུག་ཡོད། གློག་བརྙན༼ནེ་ཀྲ་ལས་བདུད་ཕྲུག་གིས་ཀླུ་ཡུལ་དཀྲུག༽ཅེས་པའི་སྤ་སེ་འཚོང་ཚད་གོ་ལ་ཧྲིལ་པོའི་གློག་བརྙན་ལོ་རྒྱུས་ཀྱི་ཨང་ལྔ་པར་སླེབས་ཡོད།  ཀྲུང་གོར་ཡུལ་སྐོར་སྐོར་གྱི་བརྙན་ཐུང་ཕྱི་རྒྱལ་གྱི་སྤྱི་འབྲེལ་སྨྱན་སྦྱོར་ཐོག་མང་པོ་མཐོང་རྒྱུ་ཡོད་པ་དང་། ཕྱི་རྒྱལ་བ་མང་པོ་ཞིག་ཀྲུང་གོར་ཡུལ་སྐོར་བྱེད་པར་ཡོང་གི་ཡོད།  མི་ཉག་རྒྱལ་པོའི་བང་སོ་འཛམ་གླིང་ཤུལ་བཞག་མིང་ཐོའི་ནང་བཅུག་པ་དང་བསྟུན། ཀྲུང་གོར་འཛམ་གླིང་ཤུལ་བཞག་ཁྱོན ༦༠ ཡོད། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་ལ་གཞི་རྟེན་བཅོལ་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱས་ཏེ། དུས་རབས་གསར་པའི་ནང་ངོ་མཚར་གསར་པ་གཏོད་བཞིན་ཡོད།

ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོས ༢༠༣༥ ལོར་རིག་གནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱེད་པའི་འཐབ་ཇུས་དམིགས་འབེན་ལ་དམིགས་ཐོག ལོ་རྒྱུས་རིག་གནས་ཀྱི་རྒྱུན་འཛིན་པ་དང་། དེང་རབས་ཀྱི་ངོ་མཚར་ལེའུ་བརྩམས་ཏེ། རིག་གནས་ཀྱི་བློ་སྤོབས་སྔར་བས་བརྟན་པོས་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་གཞི་བརྟན་པོ་འཛུགས་བཞིན་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པ་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་ནས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྲོས་ཚོཊ་ཐོག་བསྟན་དོན། ཞི་ཅིན་ཕིང་དང་ཁྲ་པོས་ཕན་ཚུན་ཤིས་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་ཧོང་ཞུན་ཚའེ་དང་མཇལ་འཕྲད་གནང་བ།