ཆ་འཕྲིན་ཁྱབ་བསྒྲགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཆ་འཕྲིན་ཁྱབ་བསྒྲགས།

ད་ལོ། སློབ་ཐོན་སློབ་མ་ཚོར་ལས་གནས་ཁྲི༧ཙམ་མཁོ་འདོན་བྱ་རྩིས་འདུག

སྤེལ་དུས་: 2021ལོ་07ཟླ་07ཚེས་ 18:13 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། འབྲེལ་ཡོད་ཀྱི་གྲངས་གཞི་ལ་གཞིགས་ན། ད་ལོ། ལྗོངས་ཡོངས་སུ་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི ༢.༩༧ ཟིན་པ་དེ་སླང་ཡང་སློབ་ཐོན་སློབ་མ་མང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནད་དོན་དེ་དམངས་འཚོའི་བྱ་བ་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྡེ་ཚན་གྱིས་ན་ནིང་གི་ཟླ་བཅུ་གཉིས་པ་ནས ༢༠༢༡ ལོའི་འབྲེལ་ཡོད་ཀྱི་ལས་དོན་སྔ་སྣུར་དུ་སྤེལ་ཡོད་ཅིང་། མིག་སྔར་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་ལས་ཁག་རིགས་ཆེ་གྲས ༢༠ ལ་དབྱེ་ནས། ཆེད་ལས་ལ་གཞིགས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་ལ་མཁོ་འདོན་བྱས་ཏེ། འཆར་གཞི་ཡོད་པ་དང་དམིགས་ས་ཡོད་པའི་སྒོ་ནས་ལས་གནས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། འདི་ལོ་ཚུན་དུ། ཁག་ཐེངས་གཉིས་ལ་བགོས་ནས་ལས་གནས་ཁྲི ༤.༥ མཁོ་འདོན་བྱས་པ་དང་། ལྗོངས་ཕྱིར་ལས་ཞུགས་ལས་གནས་ཁྲི ༡.༩ མཁོ་འདོན་བྱས་པས། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ལས་གནས་ཁྲི ༧ ཙམ་མཁོ་འདོན་བྱ་རྒྱུ་ཡིན་པས་ལས་གནས་འབྲེལ་མཐུད་འགན་ལེན་གྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་དབྱང་གིས་བརྡ་ཐོ་གལ་ཆེན་ཞིག་བཀྲམ་འདུག ནང་སའི་བོད་ལྗོངས་འཛིན་གྲྭ་སོགས་ཀྱི་ཡིག་རྒྱུགས་གཏོང་བའི་དུས་ཚོད། མ་རབས་སྤྱོད་ངན་ཡོངས་བསྒྲགས་ཐོག་རྒྱུན་མཐུད་དམར་འདོན་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས། བོད་ཀྱིས་བྱ་ཐབས་ཁག༧བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་པ།