ཆ་འཕྲིན་ཁྱབ་བསྒྲགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཆ་འཕྲིན་ཁྱབ་བསྒྲགས།

མ་རབས་སྤྱོད་ངན་ཡོངས་བསྒྲགས་ཐོག་རྒྱུན་མཐུད་དམར་འདོན་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

སྤེལ་དུས་: 2020ལོ་08ཟླ་20ཚེས་ 11:45 ཡོང་ཁུངས་: གཞིས་རྩེ་གྲོང་ཁྱེར་དྲུག་ལྡན་གྲོང་ཁྱེར་མཉམ་གཏོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

གྲོང་མིའི་ཡ་རབས་ཀྱི་གོམས་སྲོལ་དང་གྲོང་ཁྱེར་གྱི་ཤེས་དཔལ་ཆུ་ཚད་མཐོར་འདེགས་ཀྱིས་ཤེས་དཔལ་ཞི་མཐུན་དང་། ཤར་གཏོང་གོ་རིམ། བཀོད་གཙང་མཛེས་སྡུག་བཅས་ལྡན་པའི་ལས་ཀ་དང་འཚོ་བའི་ཁོར་ཡུག་ཞིག་གཏོད་ནས་རང་རེའི་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུའི་ལས་དོན་ལ་རམ་འདེགས་བྱ་ཆེད། སྤྱི་ཟླ ༨ ཚེས ༢༠ ཉིན་ནས་བཟུང་གྲོང་ཁྱེར་ཡོངས་སུ་མ་རབས་སྤྱོད་ངན་ཡོངས་བསྒྲགས་ཐོག་རྒྱུན་མཐུད་དམར་འདོན་བྱ་རྒྱུའི་བྱ་སྤྱོད་སྤེལ་རྒྱུ་སྟེ།

གཅིགདམར་འདོན་གྱི་ནང་དོན།

༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས༽དང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་མེད་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས༽༼གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག༽སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་འཛིན་ཏེ་དམར་འདོན་བྱ་རྒྱུ་ཡིན་ཞིང་ཞིབ་ཕྲའི་ནང་དོན་ཐད།

༡.མི་མང་འདུ་འཛོམས་ཁུལ་གྱི་མ་རབས་སྤྱོད་ངན་དང་།

༢. འགྲོ་སྐྱོད་བྱེད་སྐབས་ཀྱི་མ་རབས་སྤྱོད་ངན།

༣.ཡུལ་སྐོར་སྐབས་ཀྱི་མ་རབས་སྤྱོད་ངན།

༤. ཟས་སྤྱོད་ཐད་ཀྱི་མ་རབས་སྤྱོད་ངན།

༥.སྡེ་ཁུལ་ནང་གི་མ་རབས་སྤྱོད་ངན།

༦. དེ་མིན་གྱི་མ་རབས་སྤྱོད་ངན་བཅས་ཚུད་ཡོད།

གཉིས། དམར་འདོན་བྱེད་སྟངས།

གྲོང་ཁྱེར་མཉམ་གཏོད་གཞུང་ལས་ཁང་དང་། སྤྱི་བདེ། འགྲིམ་འགྲུལ་ཉེན་རྟོག་པ། གྲོང་ཁྱེར་དོ་དམ། ཁྲོམ་ར་ལྟ་སྡོམ། བརྙན་འཕྲིན་ལས་ཁུངས་སོགས་སྡེ་ཚན་མང་པོ་མཉམ་འབྲེལ་གྱིས་ས་ཡུལ་དངོས་སུ་པར་རྒྱག་པ་དང་གྲོང་མིའི་ཐེར་འདོན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་དམར་འདོན་བྱ་རྒྱུ་མ་ཟད་ས་ཡུལ་དངོས་སུ་ཁྲིམས་འཛིན་བྱ་རྒྱུ། མ་རབས་སྤྱོད་ངན་དེ་དག་བརྙན་འཕྲིན་དང་ཕྱི་རོལ་གྱི་བརྙན་ཤེལ་LEDཐོག་དམར་འདོན་བྱ་རྒྱུ།

དམར་འདོན་བྱ་ཡུལ་དོ་བདག་གིས་བཅོས་སྒྲིག་མ་བྱས་ཚེ། འབྲེལ་ཡོད་སྡེ་ཚན་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་ནན་པོ་གཅོད་རྒྱུ་དང་། དམར་འདོན་བྱ་ཡུལ་དེ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་ཕྱིན། དེ་གནས་སའི་ཚན་པར་ངོ་བཤུས་བརྡ་ཡིག་གཏོང་རྒྱུ།

རྒྱ་ཆེའི་གྲོང་མི་རྣམ་པས་རང་འགུལ་ངང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་།ཤེས་དཔལ་གྱི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་ཡ་རབས་སྤྱོད་བཟང་དར་སྤེལ་གྱིས་ཐེ་ཞུགས་ཧུར་ཐག་བྱེད་པ་དང་། ཐེར་འདོན་ཧུར་ཐག་བྱེད་པ། དམར་འདོན་ལས་ཀར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་ཡ་རབས་སྤྱོད་བཟང་དར་སྤེལ་གཏོང་མཁན་དང་། མིག་དཔེ་སྟོན་མཁན། ཁྲིད་སྟོན་བྱེད་མཁན་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

ཐེར་འདོན་ལས་སྟེགས། ང་ཡིས་གྲོང་ཁྱེར་མཉམ་གཏོད་ནང་ཞུགས་ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས།

 

 

གཞིས་རྩེ་གྲོང་ཁྱེར་དྲུག་ལྡན་གྲོང་ཁྱེར་མཉམ་གཏོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།

སྤྱི་ལོ ༢༠༢༠ ལོའི་ཟླ ༨ ཚེས ༡༧ ཉིན།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ས་སྐྱ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་སྒུལ་བདེའི་མྱུར་ཚད་ཚད་ལེན་འཛུགས་རྒྱུའི་སྐོར་གྱི་སྤྱི་བསྒྲགས། བོད་ཀྱིས་བྱ་ཐབས་ཁག༧བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རམ་འདེགས་བྱས་པ། གཞིས་རྩེས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལྟ་སྐུལ་ཐེར་འདོན་བྱེད་གནས་འབྲེལ་གཏུག་ཁ་པར་བཙུགས་པའི་སྐོར་གྱི་སྤྱི་བསྒྲགས། བོད་ཀྱི་རྫོང་༼ ཆུས ༽༡༩དབུལ་གྲལ་ནས་ཕྱིར་འཐེན་བྱེད་པའི་སྤྱི་བསྒྲགས།