བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུད་ཀྱིས་སྤྱི་ཟླ ༢ པའི་ཚེས ༢༠ ཉིན་གྱི་ཆུ་ཚོད ༡༧ དང་སྐར་མ ༡༠ ཡི་ཐོག་ལམ་འགག་ཏུ་གངས་འཁྱགས་ཐེབས་པའི་ཉེན་བརྡ་སེར་པོ་བཏང་བ།
གངས་འབབ་པ་དང་དྲོད་ཚད་ཆགས་པའི་གནམ་གཤིས་ཀྱིས་རྐྱེན། སྔོན་དཔག་ལྟར་ན། སྤྱི་ཚེས ༢༠ ཉིན་གྱི་ཆུ་ཚོད ༡༩ དང་སྤྱི་ཚེས ༢༡ ཉིན་གྱི་ཆུ་ཚོད ༡༩ བར། རྒྱལ་ལམ ༢༡༦ སྐྱིད་རོང་ལམ་དུམ་དང་། རྒྱལ་ལམ ༣༡༨ གཉའ་ལམ་ལམ་དུམ། རྒྱལ་ལམ ༥༦༢ རྒྱལ་རྩེ་དང་གྲོ་མོའི་ལམ་དུམ། དིང་རིའི་ནུབ་རྒྱུད། གཏིང་སྐྱེས་ཀྱི་ནུབ་རྒྱུད། གམ་པའི་ནུབ་རྒྱུད་སོགས་ལམ་དུམ་ཁག་དུ་ཕལ་ཆེར་གངས་གསོག་འཁྱགས་ཐེབས་ཀྱི་རྣམ་པར་གྱུར་ཏེ། འགྲིམ་འགྲུལ་ལམ་འགག་ལ་ཉེན་ཁའི་ཤུགས་རྐྱེན་འཕྲད་རྒྱུ་རེད་འདུག
འགོག་སྲུང་ཐབས་ལམ།
༡.འགྲིམ་འགྲུལ་དང་སྤྱི་བདེ་ཚན་པ་སོགས་ཀྱིས་འགན་འཁྲི་ལྟར་ལམ་འགག་གཙང་འཕྱག་དང་གངས་འཁྱགས་བཞུ་བའི་ལས་དོན་ཡག་པོ་སྤེལ་དགོས།
༢.ཁ་ལོ་བས་འདྲེད་འགོག་གི་ཐབས་ལ་འབད་པ་དང་བཀོད་འདོམས་ཀྱི་བཀའ་ལ་ཉན་པ། རླངས་འཁོར་དལ་པོར་གཏོང་བ་བཅས་བྱེད་དགོས།
༣.མི་རྣམས་ཀྱིས་ཕྱི་ལ་ཐོན་སྐབས་འདྲེད་འགོག་གི་ཐབས་ལམ་ཡག་པོ་བསྒྲུབ་དགོས།