གལ་ཆེའི་གསར་འགྱུར།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > གལ་ཆེའི་གསར་འགྱུར། >ལྡེབ་ངོས་མགོ་མ།

བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་བཀྲམ་པའི་བརྡ་ཐོ་གལ་ཆེན།

སྤེལ་དུས་: 2022ལོ་01ཟླ་05ཚེས་ 17:18 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་བརྡ་ཐོ་བཀྲམ་ནས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད༼ཏང་ཙུའུ༽དང་འགོ་ཁྲིད་ལས་བྱེད་པ་ཚོས་འགོ་ཁྲིད་ལས་བྱེད་པས་མིག་དཔེ་དྲུག་བྱེད་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་སྐུལ་སློང་སྐུལ་ཁྲིད་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་།མིག་དཔེ་དྲུག་ལ་སློབ་སྦྱོང་དང་མིག་དཔེ་དྲུག་བྱས་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་འབོད་སྐུལ་གནང་བ་རེད། བརྡ་ཐོའི་ནང་བསྟན་དོན།ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་བྱས་རྗེས་ལས་བྱེད་པ་ནི་རག་ལས་སའི་རྒྱུ་རྐྱེན་ཞིག་རེད། དེར་བརྟེན་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་ལ་འཁེལ་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར། འགག་རྩའི་ཉུང་ཤས་ཡིན་པའི་འགོ་ཁྲིད་ལས་བྱེད་པས་འགག་རྩའི་འགན་འཁྲི་ཁུར་ནས་ངེས་པར་དུ་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མིག་དཔེ་དྲུག་ནི་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དམིགས་བསལ་བཞིའི་བླང་བྱའི་ཞིབ་ཕྲའི་མཚོན་ཚུལ་ཡིན་པས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བོད་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་དོན་འཁྱོལ་ཞིབ་ཚགས་དང་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྔར་བས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། བརྡ་ཐོའི་ནང་ནན་བཤད་བྱས་དོན།རིམ་ཁག་ཏང་ཨུད༼ཏང་ཙུའུ༽ཀྱིས་མིག་དཔེ་དྲུག་ལ་སློབ་སྦྱོང་དང་མིག་དཔེ་དྲུག་བྱེད་པ་དེ་འགོ་ཁྲིད་ཚན་ཁག་གི་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་། ཏང་གི་སློབ་གྲྭའི་སློབ་གསོ། ཀྲི་པུའུ་ཡི་སློབ་སྦྱོང་། དམངས་གཙོའི་འཚོ་བའི་ཚོགས་འདུ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་བཅས་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས། གཅིག་སྡུད་སློབ་སྦྱོང་བགྲོ་གླེང་དང་ཆེད་དོན་ཏང་གི་སློབ་ཚན་འཆད་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད། འགོ་ཁྲིད་ལས་བྱེད་པས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ། མི་སེམས་སུ་ཟུག་པ། ཤེས་སྦྱོར་གཅིག་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་བ་དང་། མིག་དཔེ་དྲུག་གི་བླང་བྱར་ནན་པོར་གཞིགས་ནས་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། ལས་དོན་སྤེལ་དགོས། རིམ་ཁག་ཏང་ཨུད༼ཏང་ཙུའུ༽ཀྱི་ཚན་ཁག་གི་ཁོངས་མི་དང་རྩ་འཛུགས་མི་དོན་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་གཙོ་གནད་དུ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་བ་དང་རེས་སྐོར་གསོ་སྦྱོང་ཡག་པོ་བྱས་ནས་འགོ་ཁྲིད་ལས་བྱེད་པས་དངོས་སུ་སྒྲུབ་པ་དང་། རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་དངོས་སུ་སློབ་སྦྱོང་བྱེད་པ། མི་དམངས་མང་ཚོགས་ཀྱིས་དངོས་སུ་ཤེས་པ་བཅས་ལ་སྐུལ་འདེད་གཏོང་དགོས། བརྡ་ཐོའི་ནང་བླང་བྱ་བཏོན་དོན།རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་པའི་མིག་དཔེ་བྱས་ནས། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་སྲུང་སྐྱོང་གཉིས་བྱེད་པ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩིས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཐོག་མངོན་པ་དང་། འགན་འཁྲི་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ཀྱི་ཐོག་མངོན་པ། རྒྱུན་གཏན་གྱི་གཏམ་སྤྱོད་ཐོག་མངོན་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་རིགས་རང་རྟོགས་ངང་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་རིགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་མཐའ་གཅིག་ཏུ་མི་བྱེད་པ་བཅས་བྱེད་དགོས། སྣེ་ཁྲིད་དེ་སྲིད་བརྩོན་དམངས་ཆེད་ཀྱི་མིག་དཔེ་དང་། སྣེ་ཁྲིད་དེ་འགན་འཁུར་ཕོད་པའི་མིག་དཔེ། སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ། སྣེ་ཁྲིད་དེ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ། སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་བཅས་བྱེད་དགོས། བརྡ་ཐོའི་ནང་བླང་བྱ་བཏོན་དོན།རིམ་ཁག་ཏང་ཨུད༼ཏང་ཙུའུ༽ཀྱིས་མིག་དཔེ་དྲུག་དེ་ལས་བྱེད་པ་གསོ་སྐྱོང་དང་། འདེམས་བསྐོ། བཀོལ་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ནས། སློབ་གསོ་གསོ་སྐྱོང་དང་། འདེམས་སྒྲུག་བསྐོ་སྤྱོད། དཔྱད་ཞིབ་གདེང་འཇོག ལྟ་སྐུལ་དོ་དམ། སྐུལ་ལྕག་དང་འགན་འཁྲི་བདའ་འདེད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མིག་དཔེ་དྲུག་བྱེད་པར་ཕན་པ་ཡོད་པའི་ལམ་ལུགས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རགས་བཤད་ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ད་ལོ་དམངས་འཚོའི་ལས་གཞི་ཆེན་པོ་དགུ་ལག་བསྟར་གཏིང་ཟབ་བྱེད་རྩིས་འདུག གྲོང་གསེབ་ཀྱི་ཁོར་ཡུག་དེ་བས་ལེགས་སུ་གཏོང་བའི་ཇུས་གཞི།