ཐུགས་རྗེ་ཆེ་ཞུ་བའི་ཡི་གེ
བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ། གློ་བུར་དུ་ཐོན་པའི་ཨའོ་སྨི་ཁེ་རུང་ཏོག་གསར་རིམས་ནད་ལ་དམིགས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་དང་། སྐབས་བསྟུན་གཙང་སེལ་གྱི་སྤྱིའི་མཛད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་དང་། ཚར་གཅོད་དམག་འཐབ། སྲུང་སྐྱོབ་དམག་འཐབ། འགོག་རྒོལ་དམག་འཐབ། མཐའ་སྐོར་དམག་འཐབ་བཅས་བརྒྱབ་ཡོད། ཉིན ༤༥ ཡི་རིང་དཀའ་སྤྱད་འབད་འཐབ་ཀྱིས་དམག་འཐབ་དྲག་པོ་བརྒྱབ་པ་བརྒྱུད། སྤྱི་ཚོགས་ངོས་ཀྱི་སྐབས་བསྟུན་གཙང་སེལ་དམིགས་ཚད་མངོན་འགྱུར་བྱུང་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ཅི་ལིན་ཞིང་ཆེན་དུ་རིམས་ནད་མཆེད་པའི་ཉེན་ཁའི་དུས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་མར་རོགས་སྐྱོར་གནང་བ་དང་འཚོ་བའི་དངོས་ཟོག་ཞལ་འདེབས་བརྒྱབ་སྟེ། ངེད་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལས་ཅི་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་སེམས་ཟབ་མོ་གང་ལེགས་མཚོན་པ་དང་། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྙིང་སྟོབས་རྩ་ཆེན་མངོན་གྱི་ཡོད། དེ་དག་ཚང་མ་ཅི་ལིན་མི་དམངས་ཀྱིས་ནམ་ཡང་སེམས་ལ་བརྟན་པོར་ངེས་སྲིད། སྐབས་འདིར་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུ། མིག་སྔར་ཅི་ལིན་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས། སྤྱི་ཚོགས་ངོས་ཀྱི་གཙང་སེལ་གྲུབ་འབྲས་བརྟན་དུ་གཏོང་བ་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱེད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཅི་ལིན་མི་དམངས་ཀྱིས་མདུན་སྐྱོད་ལམ་གྱི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་བོད་རང་སྐྱོང་ལྗོངས་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་བྱས་ནས། ཕྱོགས་ཁག་གི་མཉམ་སྒུལ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་པོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་དེ་བས་མང་བ་འཐོབ་པར་སྐུལ་འདེད་གཏོང་བའི་རེ་བ་ཆེན་པོ་འཆང་བཞིན་ཡོད།
ཀྲུང་གུང་ཅི་ལིན་ཞིང་ཨུད་དང་།
ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་ནས།
༢༠༢༢ ལོའི་ཟླ ༤ ཚེས ༢༩ ཉིན།