སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ ༢༠༢༣ ལོའི་ཟླ ༡ ཚེས ༡༢ ཉིན་ལྷ་སར་འཚོག་རྒྱུ་རེད་འདུག
༢༠༢༣ ལོའི་ཟླ ༡ ཚེས ༦ ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས ༥༦ པ་འཚོགས་ཤིང་། ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ ༢༠༢༣ ལོའི་ཟླ ༡ ཚེས ༡༢ ཉིན་ལྷ་སར་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད།།