༢༠༢༣ ལོའི་མཐོ་སློབ་དཀྱུས་མར་སློབ་མ་བསྡུ་བའི་བོད་རང་སྐྱོང་ལྗོངས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས།
རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ལྷན་གྱིས་ཟླ ༦ ཚེས ༢༥ ཉིན་ཚོགས་འདུ་འཚོགས་ཏེ་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་རྗེས། ༢༠༢༣ ལོའི་མཐོ་སློབ་དཀྱུས་མར་སློབ་མ་བསྡུ་བའི་བོད་རང་སྐྱོང་ལྗོངས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་གཏན་འཁེལ་བྱས་ཡོད་པས། ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག སློབ་ཁུངས་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས།
༡.རིག་ཚན་རིགས།
དངོས་གཞིའི་ཚན་ཁག་ཁག་དང་པོ།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༣༢༠ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༤༠༠
དངོས་གཞིའི་ཚན་ཁག་ཁག་གཉིས་པ།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས༢༨༢ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༣༠༠
ཆེད་ཚན་རིགས།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༢༠༧ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༢༠༧
༢.རྩིས་ཚན་རིགས།
དངོས་གཞིའི་ཚན་ཁག་ཁག་དང་པོ།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༣༠༠ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༤༠༠
དངོས་གཞིའི་ཚན་ཁག་ཁག་གཉིས་པ།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༢༥༢ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༣༠༠
ཆེད་ཚན་རིགས།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༡༩༧ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༡༩༧
གཉིས། སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས་ལ་སློབ་མ་བསྡུ་བའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས།
སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཁག་ཐེངས་འདིའི་དངོས་གཞིའི་ཚན་ཁག་ཆེད་ལས་ལ་སློབ་མ་བསྡུ་བའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་དེ་དངོས་གཞིའི་ཚན་ཁག་ཁག་གཉིས་པའི་བརྒྱ་ཆ ༧༥ ལྟར་གཏན་འཁེལ་བྱས་ཡོད། སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཁག་ཐེངས་འདིའི་ཆེད་ཚན་ཆེད་ལས་ལ་སློབ་མ་བསྡུ་བའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་དེ་ཆེད་ཚན་རིགས་ཀྱི་སློབ་མ་བསྡུ་བའི་བརྒྱ་ཆ ༧༠ ལྟར་གཏན་འཁེལ་བྱས་ཡོད། སློབ་མ་བསྡུ་སྐབས།རིག་གནས་ཀྱི་སྦྱངས་འབྲས་སློབ་མ་བསྡུ་བའི་ཚད་གཞིར་སླེབས་ཚེ། ཆེད་ལས་ཀྱི་སྦྱངས་འབྲས་ལྟར་སྐར་གྲངས་མཐོ་བ་ནས་དམའ་བ་ལྟར་སློབ་མའི་ཁ་གྲངས་མ་ལོན་བར་བསྡུ་རྒྱུ།
༡.རིག་ཚན་རིགས།
དངོས་གཞིའི་ཚན་ཁག
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༢༡༢ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༢༢༥
ཆེད་ཚན།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༡༤༥ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས༡༤༥
༢.རྩིས་ཚན་རིགས།
དངོས་གཞིའི་ཚན་ཁག
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༡༨༩ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༢༢༥
ཆེད་ཚན།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༡༣༨ དང་། Bརིགས་ཀྱི་རྒྱུགས་སྤྲོད་སློབ་མའི་སྐར་གྲངས ༡༣༨
གསུམ། དཔུང་སྡེའི་སློབ་ཁུངས་ཀྱི་སློབ་བསྡུ།
དཔུང་སྡེའི་སློབ་ཁུངས་ཀྱི་རྒྱུགས་སྤྲོད་སློབ་མ་སྐར་གྲངས་མཐོ་བ་ནས་དམའ་བའི་བར་འཆར་གཞི་ལྟར་ལེགས་འདེམས་བྱས་ནས་བསྡུ་རྒྱུ།
མཆན།
Aརིགས་ཀྱི་རྒྱུགས་སྤྲོད་སློབ་མ་ཞེས་པ་ནི་ལྗོངས་ནང་ཁུལ་དུ་མི་རབས་གཉིས༼མི་རབས་གཉིས་ཚུད་པ༽ཡན་འཚོ་བ་སྐྱེལ་མྱོང་བའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་བརྗོད་ཀྱི་ཡོད།
Bརིགས་ཀྱི་རྒྱུགས་སྤྲོད་སློབ་མ་ཞེས་པ་ནི་རྒྱ་རིགས་དང་། དེ་བཞིན་ལྗོངས་ཕྱིའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་བརྗོད་ཀྱི་ཡོད།
བོད་རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་ནས།
2023ལོའི་ཟླ་6ཚེས་26ཉིན།