ཆ་འཕྲིན་ཁྱབ་བསྒྲགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཆ་འཕྲིན་ཁྱབ་བསྒྲགས།

ཁོང་ནས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་བཞེས་རྒྱུ།

སྤེལ་དུས་: 2023ལོ་11ཟླ་06ཚེས་ 15:55 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཟླ ༡༡ པའི་ཚེས ༣ ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱིས་ལས་བྱེད་པའི་ཚོགས་ཆེན་སྐོང་འཚོགས་བྱས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཏེ། བློ་མཐུན་ཤའོ་ཡིའུ་ཚའེ་ཡིས་ཀྲུང་གུང་ལྷ་ས་གྲོང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་རྒྱུའི་ཁྱབ་བསྒྲགས་བྱས་འདུག

ཤའོ་ཡིའུ་ཚའེ་ཡི་ངོ་སྤྲོད་མདོར་བསྡུས།

ཤའོ་ཡིའུ་ཚའེ། སྐྱེས་པ། བོད་རིགས། ༡༩༦༥ ལོའི་ཟླ ༡༠ པར་སྐྱེས། ཞིང་ཨུད་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ། ཀྲུང་གུང་ཏང་ཡོན། མིག་སྔར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བོད་རང་སྐྱོང་ལྗོངས་ཀྱི་མི་དོན་བསྐོ་འཐེན་སྐོར་གྱི་གནས་ཚུལ་གསར་ཤོས། མཐོ་རྒྱུགས་ཀྱི་སློབ་བསྡུའི་སྐར་གྲངས་དམའ་ཤོས་གཏན་འཁེལ་བྱས་འདུག ས་སྐྱ་རྫོང་གི་མི་དོན་བསྐོ་འཐེན་མཚན་ཐོ། གཞིས་ཀ་རྩེའི་མི་དོན་བསྐོ་འཐེན་གྱི་གནས་ཚུལ་གསར་ཤོས།