ཆ་འཕྲིན་ཁྱབ་བསྒྲགས།

གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། > ཆ་འཕྲིན་ཁྱབ་བསྒྲགས།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས་གལ་ཆེན།

སྤེལ་དུས་: 2021ལོ་12ཟླ་27ཚེས་ 17:50 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བོད་རང་སྐྱོང་ལྗོངས་ཀྱི་སྐམ་སའི་མཐའ་མཚམས་འགག་སྒོའི་གྲོང་ཁྱེར་གྱི་ཁྱབ་ཁོངས་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་འཛིན་ལམ་སྲོལ་གྱི༼འགག་སྒོའི་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོའི༽ (རྒྱལ་གཞུང་སྤེལ[༢༠༢༡]ཡིག་ཨང་༡༤པ)བླང་བྱ་གཞིར་བཟུང་། ད་ལྟ་སྐྱིད་གྲོང་རྫོང་དང་། གཉའ་ལམ་རྫོང་། སྤུ་ཧྲེང་རྫོང་བཅས་སྐམ་སའི་མཐའ་མཚམས་འགག་སྒོའི་གྲོང་ཁྱེར་ཡིན་པའི་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། རིམས་ནད་མཆེད་པའི་ཉེན་ཁར་ཚོད་འཛིན་ནུས་ལྡན་བྱ་ཆེད།སྤྱི་བསྒྲགས་སྤེལ་བའི་ཉིན་ནས་སྤྱི་ལོ ༢༠༢༢ ལོའི་ཟླ ༣ ཚེས ༡༥ ཉིན་བར།སྐྱིད་གྲོང་རྫོང་དང་། གཉའ་ལམ་རྫོང་། སྤུ་ཧྲེང་རྫོང་བཅས་ནས་ཁ་བྲལ་མཁན་ཡིན་ཚེ་ཆུ་ཚོད ༤༨ ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་འཁྱེར་དགོས། འབྲེལ་ཡོད་མི་སྣས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ནན་ཏན་ཞུས་ཏེ། འབྲེལ་ཡོད་སྡེ་ཁག་དང་ཚན་པས་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ལ་ཞིབ་བཤེར་བྱེད་པར་གཞོགས་འདེགས་བྱེད་དགོས། གལ་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འོས་འགན་མ་སྒྲུབ་པར་རིམས་ནད་མཆེད་ཚེ་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁུར་དགོས།

ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

 

 

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས།

༢༠༢༡ ལོའི་ཟླ ༡༢ ཚེས ༢༤ ཉིན།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི ༢༠༢༠ ལོ་འཁོར་གྱི་གཞུང་ལས་པ་ཡོངས་བསྒྲགས་ངང་གདམ་གསེས༼ལས་ཀར་ཞུགས་པའི་གཞུང་ལས་པ༽བྱ་རྒྱུའི་སྤྱི་བསྒྲགས།